R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༧
[A:༦༠༧]ཕྱག་ན་ཡོད་པ་དེ་ལ། མི་དབང་ལྷུན་ཆེན་དྲུང་གིས་ཞལ་བཀོད་མཛད་ནས་གསེར་ཟངས་ལས་གྲུབ་པའི་དྲིའི་གཙང་ཁང་རྣམ་རྒྱལ་མཆོད་རྟེན་བཟོ་རིགས་མཁས་པ་ཁང་གསར་བཀྲ་ཤིས་པས་ཁྲི་གདན་བང་རིམ་གསུམ་གསེར་ཟངས་ལས་གྲུབ་པ། དེའི་སྟེང་དུ་སེང་ཁྲི་གྲུབ་བཞི་ལྕགས་བསྐོས་གསེར་ཚགས་མ། ཤར་གྱི་དབུས་ན་རྡོ་རྗེ། གཡས་གཡོན་གཉིས་ན་དཔལ་བེ་དང་འཁོར་ལོ། ལྷོའི་དབུས་ན་རྡོ་རྗེ། གཡས་གཡོན་གཉིས་ན་པདྨ་དང་རྒྱལ་མཚན་ནུབ་ཀྱི་དབུས་ན་རྡོ་རྗེ། གཡས་གཡོན་གཉིས་ན་གདུགས་དང་བུམ་པ། བྱང་གི་དབུས་ན་རྡོ་རྗེ། གཡས་གཡོན་གཉིས་ན་གསེར་ཉ་དང་དུང་དཀར། དེ་ཐམས་ཅད་གསེར་ཚགས་བཟབས་བརྐོས་སེང་ཁྲིའི་ཁ་ཁྱེར་ལ་མི་མཆོག་རྒྱལ་བ་གང་དག་སོགས་རྐང་པ་བཞི་དང༌། སྒྲོལ་དཀར་གྱི་སྔགས་ལེགས་སྦྱར་གྱི་སྐད་ལཉྪའི་གཟུགས་སུ་བཀོད་པ། དེའི་སྟེང་དུ་གསེར་ཟངས་ལས་གྲུབ་པའི་པད་གདན་འཁོར་ལོ། དེའི་སྟེང་དུ་བང་རིམ་གསུམ་གསེར་ཟངས་ལས་གྲུབ་པ། བུམ་པ་ཟླུམ་པོའི་སྨད་དངུལ་ལྗང་བརྡུང༌། སྟོད་ཤེལ། སྒྲིགས་མཚམས་གསེར་ལྗང་བརྡུངས་ཀྱི་འབུ་སྒྲིལ་དང་བཅས་པ། དེའི་ནང་དུ་རིང་བསྲེལ་གྱི་གོང་བུ་ཕྱི་གསལ་ནང་གསལ་དུ་མཐོང་བ། སྒོ་ཁྱིམ་གསེར་གཡུ་ལས་གྲུབ་པའི་ནང་དུ་ཀཱ་མ་རཱུ་པའི་རྡོ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་བཞུགས་པ། དེའི་ཕྱོགས་བཞིར་གསེར་ཚགས་ལས་གྲུབ་པའི་ཤར་དུ་བྷྲཱུཾ་དང་ཧཱུཾ། ལྷོར་ཨཾ། ནུབ་ཏུ་ཛྲིཾ། བྱང་དུ་ཁཾ་སྟེ་རིགས་ལྔའི་ས་བོན། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ་གསེར་