R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༨
[A:༦༠༨]ཚགས་ལས་གྲུབ་པ་པད་གདན་དང་བཅས་པ། དེའི་སྟེང་དུ་ཆར་ཁེབས་འགན་ཇིར་ཏོག་དང་བཅས་པ་གསེར་ཟངས་ལས་གྲུབ་པ། མུ་ཏིག་གི་ཟར་ཚགས་དང་ལྡན་པ་ཤིན་ཏུ་ངོ་མཚར་བ་མཐོང་བས་ཡིད་འཕྲོག་པ་ཞིག་བཅོས་གྲུབ་གནང་འདུག་པ་དེ་ལ་རབ་གནས་དགོས་གསུང༌། ཆུ་མོ་སྦྲུལ་གྱི་ཟླ་བ་བདུན་པའི་ཉེར་གསུམ་གྱི་ཉིན་མེ་ཏོག་གཏོར་བས་རབ་གནས་བཟང་པོ་དྲུག་པ་གང་རྒྱས་བྱས། དེའི་ཚེ་ནམ་མཁའ་ནས་མེ་ཏོག་གི་ཆར་ཡང་འབབ་ཀྱིན་འདུག་ཟེར། དེའི་སྟེང་དུ་མི་དབང་ལྷུན་ཆེན་དྲུང་གི་ཕྱག་འབུན་གནང་བ་རྣམས་ལ་སྔར་ནས་དྲུག་བདེ་ཡོད་པ་ལ་བཅག་ནས། དེ་ལ་བརྟེན་ཞལ་ངོ་གཞན་རྣམས་དང༌། ཆ་ཞབས་བྱིན་རྣམས་ཀྱིས་ཀྱང་དྲུག་བདེ་ཆག་འབུན་ལེན་མི་རྣམས་ལ་བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཆེ་བ་བྱུང་གཞན་ཡང་ནོར་བུ་གླིང་གཙུག་ལག་ཁང་འདི་བཞེངས་ཕྱིན་ཆོས་གཞིས་དགོས་པ་འདུག་གསུང༌། བློ་ཁུད་ཀྱི་ཞིང་རྣམས་ཀྱང་ཆོས་གཞིས་ལ་ཕུལ། དེ་རྣམས་ལ་བསྔོ་བས་རྒྱས་འདེབས་དགོས་གསུང་ཐུགས་བསམ་རྣམ་པར་དག་པས་དགེ་རྩ་སྟོབས་ཆེ་བ་དེ་འདྲ་ལ་རང་གིས་བསྔོ་བ་ཅི་ཤེས་དང༌། ཁྱད་པར་འདར་ནས་སྦྱིན་བདག་ཆེན་པོ་ཞལ་ངོ་སྤྱི་དང༌། བྱེ་བྲག་ཆེད་དུ་བསྟད་པའི་གནས་སྐབས་ཀྱི་ཚེ་འདིའི་བཞེད་དོན་འགྲུབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་འདེབས་ཅི་ཡང་བྱས། འདར་ནས་མི་དབང་ཆོས་བཞིན་ས་སྐྱོང་བ། །དགོས་འདོད་ལྷུན་གྲུབ་བསོད་ནམས་ཡེ་ཤེས་ཚོགས། །ཡར་ངོའི་ཟླ་ལྟར་ལྷུན་གྲུབ་ཆེས་ཆེར་འཕེལ། །བདུད་དཔུང་དགྲ་འདུལ་ལྷག་བསམ་དོན་ཀུན་གྲུབ། །ཡུམ་མཆོག་ཨ་མཛེས་