R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༡
[A:༦༡༡]ནས་ཕར་ཕྱིན་ན་སོག་པོ་དང་ཐུག་ནས་སྐྱོན་ཆེན་པོ་ཡོང་བའི་སྔ་ལྟས་ཡིན་པར་འདུག་ཟེར། དེ་ནས་ཁོང་རྣམས་ཀྱིས་ཀྲེ་བའི་རུ་བ་ལ་བསྙེགས་ནས་ཡོངས་པས་སོག་པོས་ཁོང་གི་སྔོན་ལ་ཀྲེ་བའི་རུ་བ་ལ་རྒྱུགས་འདུག་པ་དང་ཡང་ཅུང་ཟད་ཐུག་སོག་པོས་མདའ་ཚུར་ཞུས་པ་རོགས་ཤིག་གི་རྐང་པ་ལ་ཕོག །རང་གི་ཚ་བོས་ཕར་མདའ་རྒྱབ་པ་དེ་ཁོ་ལ་འཕོག་ལ་ཁད་བྱུང་བ་ཁོས་བར་སྣང་ནས་བཟུང་སོང་ཟེར། དེ་ནས་ཕན་ཚུན་གླགས་མ་རྙེད། དེ་ནས་རང་ཕྱོགས་རྣམས་ཀྱིས་ཚུར་ཡོངས་ལ་ཞིག་གི་ཕག་ན་སྔ་སོར་ཆུ་མིག་ཅིག་ཡོད་པ་དེར་ཚ་བ་ལ་སྡོད་གྲགས་བྱས་པས་ཆུ་བསྐམས་ནས་མེད་པར་སྡོད་ཐབས་མ་བྱུང༌། དེ་ནས་ཡོངས་པས་ལ་ཞིག་གི་ཕ་ན་སྔར་ཆུ་མེད་ཀྱང་ཆུ་གསར་པ་ཞིག་རྡོལ་འདུག་པས་དེར་བསྡད་ཟེར། སྔར་གྱི་ཆུ་ཡོད་ས་དེར་བསྡད་ན་སོག་པོ་དང་ཐུག་པའི་སྐྱོན་ཆེན་པོ་ཡོང་བ་འདུག་ཅིང༌། ཆུ་མེད་པར་ཆུ་བྱུང་དེ་ཡང་དཀོན་ཅོག་གི་ཐུགས་རྗེ་རང་དུ་བྱུང་ཞིང༌། དེ་རྣམས་ཀྱང་ངེད་རང་གི་ཆོས་སྲུང་གིས་བསྐྱབས་པ་ཁོ་ནར་འདུག་ཟེར་རོ། །ཕ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བཀའ་བསྟན་བཅོས་ཟབ་དོན་སེམས་ལ་འཕོས། །ཁོང་ཆོས་སྲུང་རྣམས་བརྩེ་སྐྱོབ་འབྲལ་བ་མེད། །བདུད་སོག་པོའི་འཚེ་བ་སྐྱབས་ལ་ལྟོས། །ཆུ་སྦྲུལ་གྱི་དགུན་ཆོས་སྟེང་དུ་ཕྱིན་གྲ་སྐོར་བ་ཀརྨ་པའི་སྔགས་ཀྱི་གྲ་སྐོར་བ་གཉིས་དང་སྒྲ་རམས་པ་གཅིག་ཐེ་བས་ཞེ་ལྔ་ཙམ་བྱུང༌། གྲ་སྐོར་བ་མངས་པས་བཤད་པ་མང་པོ་བྱེད་སྐབས་མི་འདུག་ཀྱང་ཉུང་ན་མིག་ལྟོས་ལ་གནོད་དོགས་ཚད་མའི་སྔ་ལྡང་བ་རྣམས་ལ་ཁོར་གསུམ་གསུམ་ཕར་ཕྱིན་པ་ལ་གཉིས་གཉིས། འདུལ་བ་ལ་ཡང་གཉིས་གཉིས། པོད་ཕྲན་ལ་རེ་རེ་སྦྱོར་བཀོད་ཚུན་ཚོགས་ཆེན་