R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༤
[A:༦༡༤]མཆོག་མྱོང༌། །སེམས་རབ་དགའ་ལུས་ཀྱི་སྤུ་ལོང་གཡོ། །དེ་ནས་ནོར་བུ་གླིང་དུ་འདར་ནས་མི་དབང་དགྲ་འདུལ་དོན་གྲུབ་དང༌། ཆོས་རྗེ་བྱམས་ཆོས་པ་འཇམ་དཔལ་དགྱེས་པའི་བཤེས་གཉེན། ཡ་ག་ཆོས་སྡིངས་པ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྲང་ཆེན་ནས་ར་ངག་དབང༌། ནུབ་དགོན་ནས་ཁོང་གསུམ་སོགས་ཆེད་བསྟད་ཡོང༌། རྒྱུད་བཤད་དགོས་གསུང་རང་གི་བློ་འདོད་གུར་སམ་གང་རུང་ལ་ཟིན་ཐུན་བཤད་པ་ཞིག་བྱེད་བསམ་པ་ཡོད་ཀྱང་ཁོང་རྣམས་ཀྱིས་སྐུ་ནས་སྟབས་ཡང་ཡང་ཡོང་བ་ལྐོག་པས་རྒྱུད་གསུམ་ཆར་ལ་ད་ལན་ཀ་གནང་ཐུབ་པ་ཞིག་བྱུང་ན་ལེགས་ཚོགས་ཆེ་བ་འདུག་ཟེར། ཁོང་རྣམས་ཀྱིས་ཀྱེ་རྡོར་མན་ངག་ལུགས་གུར་རིགས་བསྡུས་ཀྱི་དབང་རྣམས་རང་གིས་སྔར་དུ་བྱས་ཟིན་པ་མང་བ་འདུག་པས། རྡོར་དབྱིངས་ལྷ་སུམ་ཅུ་སོ་བདུན་གྱི་དབང་ཟླ་བ་དེ་གའི་ཚེས་བཅུ་གཉིས་ལ་སྟ་གོན། བཅུ་གསུམ་ལ་དངོས་གཞི། ཚེས་བཅོ་བརྒྱད་ལ་རྒྱུད་བཤད་ཀྱི་འགོ་བཙུགས། མི་དབང་དགྲ་འདུལ་དོན་གྲུབ་ཀྱིས་མང་ཇ་ཉིས་སྦྲེལ་དང་ཚོགས་འཁོར་བཟང་པོ་མཛད། རྩ་རྒྱུད་འཕགས་པའི་བསྡུས་དོན་དང་ས་གཞུང་སྦྱར་བའི་བཤད་པ། གུར་ལ་རྗེ་བཙུན་གྱི་བསྡུས་དོན་དང་ས་གཞུང་སྦྱར་བའི་བཤད་པ། སམྦུ་ཊ་ལ་འཕགས་པའི་བསྡུས་དོན་དང་ས་གཞུང་སྦྱར་བའི་བཤད་པ་རྣམས་ཚང་འགྲིག་སྔོན་དུ་འགྲོ་བར་བྱས་ནས། སམྦུ་ཊ་ལ་འཕགས་པའི་བསྡུས་དོན་ས་བཅད་གཞིར་བཞག །འབྲུ་ནོན་རྣམས་ས་པཎྜི་ཏའི་མཚན་མ་གཙོ་བོར་བྱས། དེའི་ཅུང་མ་ཐུས་པ་རྣམས་རྗེ་ཀུན་དགའ་རྒྱལ་མཚན་པས་ཊཱིཀ་ཆེན་རིན་ཆེན་འབར་བ་དང༌། རྗེ་བཙུན་གྲགས་པའི་སློབ་མ་དབང་ཕྱུག་དཔལ་