R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༥
[A:༦༡༥]གྱི་ཊཱིཀྐ་ལས་ཀྱང་ཅུང་ཟད་གསལ་བར་བྱས་ཏེ་ཟིན་ཐུན་བཏང༌། ཟིན་ཐུན་བྱེད་མཁན་མི་དབང་དགྲ་འདུལ་དྲུང་དང༌། ཆོས་རྗེ་བྱམས་ཆོས་པ་གཉིས་ཀྱིས་གཅིག །ཆོས་རྗེ་ཀུན་རྒྱལ་བས་གཅིག །དྲུང་རམས་པ་ངག་དབང་གིས་གཅིག །གྲང་ཆེན་དཀའ་བཅུ་པ་རྒྱན་རིན་གྱིས་གཅིག །ནུབ་དགོན་པ་རྣམས་ཀྱིས་གཅིག་རྣམས་བྱུང༌། སམྦུ་ཊའི་རྩ་རྒྱུད་ལ་བརྟག་པ་བཅུ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པའི་བརྟག་པ་དང་པོའི་རབ་བྱེད་བཞི་ལ་ཟིན་ཐུན་ལེགས་པར་གྲུབ། མི་དབང་དགྲ་འདུལ་དང་ཆོས་རྗེ་བྱམས་ཆོས་པའི་ཟིན་ཐུན་ལ་ཤོག་བུ་གདོང་བཏོན་བརྒྱད་ཅུ་གྱ་བརྒྱད་བྱུང་འདུག་ཅིང༌། གཞན་རྣམས་ལ་ཡང་ཁ་དྲས་ཀྱི་སྟབས་ཀྱིས་བདུན་ཅུ་སྐོར་རེ་བྱུང་འདུག །དེ་དག་གི་སྐབས་སུ་རྨི་ལམ་ལ་རྩ་བའི་བླ་མ་གསུམ་སོགས་བླ་མ་རྣམས་ཐེར་ཆགས་ཀྱིས་ཡོང་བ་ཞིག་འདུག །ནུབ་ཅིག་སྟོང་ཉིད་བཅུ་དྲུག་གི་གྲངས་སྒྲོང་གིན་འདུག་པ་ལ། ཕྱི་སྟོང་པ་ཉིད་སོགས་འགོ་ནས་ཁ་ཅིག་ཆད་སྟོང་དུ་འདུག་སྙམ། དེ་མན་ཆད་སྟོང་པ་ཉིད་མཚན་ཉིད་པ་ཡིན་པ་འདུག །ཟུང་འཇུག་རང་དུ་འདུག་སྙམ་པ་ཞིག་ཤར། དེ་དག་གི་སྐབས་སུ་རྗེ་བླ་མ་ཀུན་དགའ་མཆོག་ལྡན་ཐུགས་མཉེས་པས་མང་ཇ། རང་ཉིད་ལ་གནང་སྦྱིན་བཟང་པོ། ས་སྐྱོང་མི་དབང་ཆོས་སྐྱོང་ལྷུན་གྲུབ་ཀྱིས་མང་ཇ་ཟུང༌། ཚོགས་འཁོར་བཟང་པོ། སྡེ་པ་ལྷུན་ཆེན་ལགས་ཀྱིས་མང་ཇ་ནས་འབོ། བྱང་སེམས་ཡུམ་གྱིས་མང་ཇ་གླུམ་དཀར། གོ་ར། བུར་སྟོན་དང་བཅས་པ། དཔོན་ས་རྡོ་རྗེ་དཔལ་འཛོམ་གྱི་མང་ཇ། བསོད་ནམས་ཁྱེ་འདྲེན་གྱིས་མང་ཇ་བཞི། བྱམས་པ་ལགས་ཀྱིས་མང་ཇ། ཆོས་བཟང་ལགས་