R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༦
[A:༦༡༦]ཀྱིས་མང་ཇ། མི་དབང་དགྲ་འདུལ་ལགས་ཀྱིས་ཆོས་ཉན་པ་རྣམས་ལ་སླར་ཡང་མང་ཇ། ཕོགས་ཁལ་ཕྱེད་གཉིས་མ། བདེ་གླིང་ནས་མང་ཇ་ཞིབ་འབོ་རྒྱར་བཅས། སླར་ཡང་མང་ཇ། ཡང་མང་ཇ་ཞིག་འབོ་རྒྱར་བཅས། རུ་སྤེས་འཁུར་བ། གླུམ་དཀར། མང་ཇ། སྐྱིད་གཤོངས་པས་མང་ཇ། རྨུ་པས་མང་ཇ། ནུབ་དགོན་པ་རྣམས་ཀྱིས་མང་ཇ། གྲང་ཆེན་ནས་མང་ཇ། ཕུ་བགྲེས་པས་མང་ཇ། ཀ་སྤེ་བས་མང་ཇ། གྲོལ་སྟོན་ལ་སྡེ་པ་མ་གཉེར་ཁང་ནས་མང་ཇ། ཚོགས་འཁོར་བཟབས་པ་སོགས་ལེགས་ཚོགས་ཆེར་བར་བྱུང༌། རྒྱུད་ཀྱི་གླེགས་བུ་ཆུ་ཤེལ་མདངས། །ཚིག་འབྲུའི་མེ་ཏོག་ཚོམ་བུ་བཀྲ། །བློ་གསལ་མཁས་པའི་རྒྱན་འཕྲེང་མཛེས། །ཤེས་ལྡན་སུ་ཞིག་ཡིད་མི་ཚིམ། །ཤེས་ལྡན་སེམས་ཀྱི་ཚ་གདུང་བསིལ་ཡང་སྐལ་མེད་ཕྲག་དོག་གདུང་བས་སྨྱོ། །དད་ལྡན་མཆོད་པའི་མེ་ཏོག་འཐོར་ཡང་སྐལ་མེད་སེར་སྣའི་མདུད་པ་དམ། །གཟུར་གནས་རྣ་བའི་རྒྱན་དུ་མཛེས་ཀྱང་སྐལ་དམན་རྣ་བའི་བུག་པ་འགགས། །ནག་ཕྱོགས་ཡི་མུག་རྒྱལ་མཚན་བསྙལ་ཡང་དཀར་ཕྱོགས་ལེགས་སོའི་རྒྱུད་མངས་བྲེལ། །རྒྱུད་བཟང་ལྷ་ལམ་ཡངས་པ་ལ། །ལེགས་བཤད་སྤྲིན་གྱི་སྔོ་སངས་འཐིབས། །སྦྱིན་པོའི་མཆོད་རྫས་ཆར་རྒྱུན་ཕབས། །རྒྱལ་བསྟན་ལོ་ཏོག་སྨིན་འདི་མཚར། །ལོ་དེའི་རྒྱུད་གྲོལ་འཚམས་དེ་ལ་མི་དབང་ལྷུན་ཆེན་དྲུང་གིས་ཕྱག་རྟགས་རྟེན་བཅས་གནང༌། ཞ་ལུ་སྐུ་ཞང་པ་འདིར་ཕེབས། དེར་གསུང་ཆོས་ཤིག་ཞུ་འདོད་འདུག་པས། ཁོང་རང་འདོད་པའི་གསུང་ཆོས་གནང་དགོས་གསུངས་བྱུང༌། དེ་ག་བཞིན་སྐུ་ཞང་རང་གི་ཐུགས་འདོད་རབ་ཞ་ལུ་བའི་ལུགས་ཀྱིས་འཁྲིད་ཆེན་བཞི་