[A:༦༡༨]པ་ཤུགས་དྲག་ཏུ་གཏད་ནས་ཉལ་བས་སྔར་གྱི་སྦྲུལ་གྱི་འཕྲོ་དེ་ཁ་ནས་འཐོན་གྲབས་འདུག་པས་དེ་འཐེན་པས་སྦྲུལ་གྱི་རྔ་མ་ཕྲ་སང་ངེ་བ་དེ་རྫོགས་པར་ཐོན་སོང་བློ་བདེ་ཙམ་བྱུང༌། སྔར་གྱི་ཟུག་གཟེར་དེ་ཡང་ཆག་ནས་མི་འདུག དེའི་རྟེན་འབྲེལ་གྱི་སྔར་ནས་ཡོད་པའི་ཤ་བུ་འབར་འབུར་དེ་གཏན་ནས་མ་བྱུང༌། ཀླུ་བདུད་བཙན་གྱི་གནོད་པར་གཟས་པའི་ཚེ། དགྱེས་པ་རྡོ་རྗེའི་སྔགས་བཟླས་མེ་འོད་ཀྱིས། །སྤྲུལ་གདུག་ལན་གསུམ་བཅད་ནས་ཕྱི་ལ་བསྒྱུར། །ཀླུ་བདུད་གདོན་ལས་གྲོལ་སྙམ་རབ་དགའ་སྐྱེས། །དེ་གོང་རྩེ་ཆེན་དུ་ཆོས་རྗེ་བསྟན་པ་ལ་མགོན་པོད་མེ་འབར་མའི་ལུང་དགོས་གསུང་རྒྱལ་རྩེ་ནས་དཔེ་གཡར་ནས་ལུང་བྱས། དེ་རྗེས་འདར་དུ་ཆོས་རྗེ་དཀོན་ཅོག་ལེགས་འཛིན་སོགས་ལ་མེ་འབར་མའི་ལུང་དགོས་ཟེར་ལུང་བྱས། རང་ཁམས་ཉོག་གེ་ཡོད་པ་དེ་ཡང་བདེ་སང་སོང༌། ཡང་བྱ་གཤོངས་སུ་ཕུ་གསུམ་ནས་གྲྭ་པ་ཆོས་རྗེ་ཀུན་བཟང་པ་སོགས་སུམ་ཅུ་སྐོར་ལ་ཆོས་དགོས་ཟེར་ཀྱེ་རྡོར་གྱི་རྒྱུ་དབང༌། གུར་ཞལ་རྣམ་སྲས་སོགས་ཀྱི་རྗེས་གནང་བྱས། ཡང་ཆོས་རྗེ་ནམ་མཁའ་ཆོས་རྗེ་གཙང་ཚུལ། ཆོས་རྗེ་ཚེ་རིང་པ་རྣམས་ལ་དམར་པོ་སྐོར་གསུམ་ལ་རྗེས་གནང་གི་རྣམ་གྲངས་བཅོ་ལྔ་ཙམ་དང༌། རྗེ་ཚར་ཆེན་གྱིས་དཀར་ཆག་ནང་བཞིན་གྱིས་པོ་ཏི་གསུམ་གྱི་ལུང་རྣམས་ཤིན་ཏུ་ཞིབ་པར་བྱས། འབྲུག་པའི་དབུ་ཆེ་སྤོ་ས་སྐྱའི་གདན་ས་ཆོས་རྗེ་ཆོས་འཕེལ་བ་བསྙེན་རྫོགས་ལ་བྱོན་ནས་བསྙེན་རྫོགས་བྱས། མ་གཅིག་ནི་གུ་འཁྲིད་ལུང་མང་དུ་བྱས། ཡང་བྱ་གཤོངས་སུ་མཁར་ལས་ཀྱི་རིང་ལ་ཆོས་རྗེ་བསྟན་པས་གསོལ་བ་བཏབ། ཆོས་རྗེ་བསྟན་པ། ཉང་སྟོད་པ་