[A:༦༡༩]སྔགས་འཆང༌། བླ་ཆེན་སོགས་སུམ་བརྒྱ་སྐོར་ལ་ལམ་འབྲས་ཡོངས་རྫོགས། གསོལ་ཕུ་ནས་ཆོས་ལགས་ལ་རྣལ་འབྱོར་མའི་བྱིན་རླབས་དང་འཁྲིད་སོགས་མང་དུ་བྱས། བྱ་གཤོངས་སུ་ཆོས་རྗེ་སྙེ་མོ་བ་སྔར་ཆོས་ཞུ་རྩིས་མི་འདུག་ཀྱང༌། ཚེས་བཅུའི་ནུབ་ཅིག་མཁའ་འགྲོ་མ་རྣམས་ཀྱིས་ཌཱ་མ་རུའི་སྒྲ་འཁྲོལ་བ་དང་བཅས་ནི་གུ་ལ་སོགས་པའི་ཆོས་རྣམས་བླ་མ་གསེར་པ་ལ་ཞུས་ཟེར་བའི་ལུང་བསྟན་རྨི་ལམ་དུ་བྱུང་བ་ལ་བརྟེན་ཆོས་ཞུ་བ་ལ་བྱོན་དད་ལྡན་མང་པོ་ལ་བཤེད་དམར་སྤྲོས་མེད་ཡོངས་རྫོགས། དམར་པོ་སྐོར་གསུམ་སོགས་བྱས། ནི་གུ་དགོས་ཟེར་ནའང་བྱེད་སྐབས་མ་བྱུང༌། བྱ་གཤོངས་ནས་ཆུ་མོ་ལུག་ལོ་རེ་གཅིག་པ་ལ། འཚེད་བླ་བྲང་དུ་བསྟན་འཛིན་ཉི་ཟླ་བཟང་པོའི་ཞབས་དྲུང་དུ། རྗེ་བཙུན་ཐམས་ཅད་མཁྱེན་པའི་འཁྲིད་བརྒྱ་དེ་ལ་དགོས་པའི་ཆ་ལག་དང་བཅས་པ། གྲུབ་ཐོབ་ཉེ་བརྒྱུད་ཀྱི་ཚེ་བཀའ། དུར་ཁྲོད་བདག་པོའི་རྗེས་གནང་ཡིག་ལུང་དང་བཅས་པ། འཕགས་པ་བརྒྱད་སྟོང་པའི་ལུང་རྗེ་གྲུབ་ཆེན་གྱིས་སྣར་ཐང་དུ་གནས་བརྟན་བ་ཀུ་ལ་དང༌། ཡན་ལག་འབྱུང་ལ་གསན་པ་དེའི་ལུང༌། སེང་གདོང་ཅན་གྱི་རྗེས་གནང༌། བྲམ་ནག་བཤན་པ་དྲུག་སྐོར་གྱི་རྗེས་གནང་རྣམས་ཞུས། ཡང་བྱ་གཤོངས་སུ་ནུབ་ཅིག་རྨི་ལམ་དུ་རྗེ་མཁན་བློ་གྲོས་རྣམ་རྒྱལ་ཁྲི་མཐོན་པོ་ལ་བཞུགས་པ་ཞིག་གིས་ཚེ་དམག་ཟོར་མའི་རྗེས་གནང་ཞུས། སྦྱོར་དངོས་རྗེས་གསུམ་གྱི་རྗེས་གནང་རྫོགས། མཆོད་གཡོག་པའི་དཀྱིལ་འཁོར་བསྡུ་བའི་ཚེ། དཀྱིལ་འཁོར་དེ་ཇི་ལྟ་བུ་ཞིག་ཡོད་ལྟ་དགོས་པ་