[A:༤༡༦]དང༌། ཆོས་གཞིས་འགྲོ་སྨོན་ཅན་སོགས་དང་བྱ་གཤོངས་རྙིང་པ་ཇོ་བོ། རྣམ་སྲས་ལྷ་ཁང༌། ཆོས་གཞིས་གྲོང་གཡོག་དང་བཅས་པ་སོགས་བྱ་གཤོངས་སུ་ཐེས་ཤིན་ཏུ་ཆེ་བ་བྱུང༌། ད་སྔགས་ཆོས་ཤིག་གསན་ན་དགའ་བ་འདྲ་ཞུས་པས། ཁོ་བོ་ནི་སྔར་ཐོབ་པའི་ཆོས་ལ་ཉམས་ལེན་བྱུང་ན་དེ་གས་ཆོག་ཐོབ་ཐོབ་མང་པོ་མི་དགོས། ཁྱེད་རང་ཤེས་འདོད་ཆེན་པོ་འདུག་པས་ཐོག་མར་རྗེ་དཔལ་འབར་རྒྱལ་མཚན་དྲུང་དུ་ནི་གུ་ཞིག་ཞུ་བ་ལ་ཕྱིན་ཆོག་གསུང། ཁྱི་ལོའི་སྟོན་ངེད་དཔོན་སློབ་གཉིས་དབོན་ཆེན་བྱམས་པ་བློ་གྲོས་དཔོན་པོ་འགར་ལུང་པ་དང་བཞི་གྲོགས་དང་བཅས་པས་ར་ས་མཚལ་ཁུང་དུ་མཁས་གྲུབ་དཔལ་འབར་རྒྱལ་མཚན་གྱི་དྲུང་དུ་བྱོན་ཟླ་བ་གཉིས་ཙམ་བཞུགས་ཐོག་མར་བདེ་མཆོག་ལྷ་ལྔའི་དབང༌། རྒྱུད་སྡེ་ལྔའི་དབང༌། སྒྱུ་ལུས་དབང་མོ་ཆེ་ཙམ་གནང་ཕྱག་ཆེན་གའུ་མའི་འཁྲིད། ནི་གུའི་འཁྲིད་རྣམ་ཉམས་འཁྲིད་དུ་བསྐྱངས་མདོར་ན་རྩ་བ་ཕྱག་རྒྱ་ཆེན་པོ། སྡོང་པོ་ནི་གུ་ཆོས་དྲུག །ཡལ་ག་ལམ་འཁྱེར་རྣམ་གསུམ། འབྲས་བུ་འཆི་མེད་འཕྱུག་མེད། མེ་ཏོག་མཁའ་སྤྱོད་དཀར་དམར་སོགས་དབང་བཀའ་ཉམས་འཁྲིད་ལུང་འཁྲིད། བླ་མ་བརྒྱུད་པའི་རྣམ་ཐར་གྱི་ལུང་སོགས་དཔེ་ལུང་གི་རིགས་རྣམས་དང༌། འཁྲུལ་འཁོར་ལུས་སྦྱོང་ཉི་ཤུ་པ། འཆི་མེད་འཁྲུལ་འཁོར་སོ་གཉིས་རྣམས་ཕྱག་ལེན་ལྟར་འཕྱུག་མེད་དུ་སྦྱངས། དེ་རྗེས་མ་གཅིག་ཞུས་ཏེ་ཐོག་མར་མཁའ་འགྲོ་སྡེ་ལྔའི་དབང༌། དེ་རྗེས་མ་གཅིག་ཟབ་དོན་ལུགས་ཀྱི་ཉམས་འཁྲིད་ལུང་སོགས་ཆ་ལག་ཚང་མ། རྒོད་ཕྲུག་ལུགས་ཀྱི་མ་འཁྲིད་ཆེན་མོར་གྲགས་པ། འབའ་ར་བའི་སྤྱོད་ཡུལ་གདན་ཐོག་གཅིག་མ། འབར་ར་བའི་མལ་གཅོད་གདོན་ཆེན་བཅོ་བརྒྱད་མ་སོགས་དང༌། དོ་ཧའི་སྐོར་ལ། དོ་ཧའི་ལོ་རྒྱུས། བཤད་ལུགས། གདམས་ལུགས་