[A:༤༢༥] འདི་ཡང་མ་དག་པའི་ཞིང་ཡིན་པ་འདུག། ཤར་ཕྱོགས་མངོན་དགའ་ཡིན་སྙམ་འཕུར་ནས་ཕྱིན་པས་རི་མེད་པའི་ཐང་ཡངས་པོ་ན་ཁང་བ་གྲུ་བཞི་པ་ཞིག་གི་ནང་དུ་སླེབ། ས་པཎ་ཡིན་སྙམ་པའི་ན་བཟའ་ཆོས་གོས། ས་ཞུ་བསྣམས་པ་ཞིག་དང་མཇལ། དེ་ག་ས་པཎ་ཡིན་སྙམ་ནས་ཕྱག་བཙལ་ན་བཟའ་ལ་འཇུས་མཆི་མ་ཤོར་ནས་མལ་ཁེངས་སྙམ་པ་ཞིག་བྱུང༌། ཡང་ལན་གཅིག་ཁང་པ་ཞིག་གི་ནང་དུ་ཀྱེ་རྡོར་གྱི་སྒྲུབ་མཆོད་བྱེད་པའི་ཉམས་ཤིག་ཤར་གཞན་རོགས་ནི་མི་འདུག་ཀྱེ་རྡོར་གྱི་དཀྱིལ་ཐང་བར་སྣང་ན་ཁྲ་གསལ་ལེ་བ་བཀྲམ་འདུག་པ་ཞིག་མཐོང༌། ཡང་སྐབས་ཤིག་རྗེ་དམ་པ་བར་སྣང་ན་ཁྲི་ཆེན་པོ་ཞིག་གི་སྟེང་ན་བཞུགས་ཁོ་བོ་ལ་བོ་དྷི་རྩིའི་ཕྱག་འཕྲེང་ལེགས་པོ་ཞིག་གནང་བྱུང་བས་དགའ་སྤྲོ་ཤིན་ཏུ་ཆེ། གཞན་པ་རུ་ཡིན་ནོ་སྙམ་པ་བརྗོད་མི་ཤེས་པ་ཞིག་གནང་སྟེ་དགའ་བ་ཆེ་ཡང་དེ་ནི་གང་ཡིན་རྔོ་མ་ཐོགས། ཡང་ལན་ཅིག་རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བིར་སྲུང་གནང་དུ་ཕེབས་པ་ཡིན་ཟེར། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་བྱང་ཕྱོགས་ཀྱི་ནམ་མཁའ་ལ་སེང་གེ་ལ་ཆིབས་ནས་བིར་སྲུང་གི་སྔགས་འདོན་ཅིང་ཕེབས་པ་ཞིག་བྱུང༌། ཁོ་བོས་བིར་སྲུང་གི་བྱིན་རླབས་ཉན་འདོད་ཀྱི་རྗེས་ཟློས་བྱས་གསོལ་བ་བཏབ་པའི་སྣང་བ་ཤར། དེའི་ཚེ་ཡང་དངོས་མཇལ་ལྟ་བུའི་དད་པ་དང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་སོ། །ཡང་ལན་ཅིག་གི་ཚེ་ལྷོ་ཕྱོགས་ཀྱི་ནམ་མཁའ་ན་རྣལ་འབྱོར་དབང་ཕྱུག་བི་རཱུ་པ་སྐུའི་ཆ་ལུགས་དང༌། ཞབས་ཀྱི་བཞུགས་སྟབས། ཕྱག་གི་རྣམ་འགྱུར་སོགས་མི་འདྲ་བ་དབུ་སྐྲ་རལ་པའི་ཐོར་ཅོག་དང༌། ལྕང་ལོ་སྨུག་ཤིག་གེ་བ་ནམ་མཁའ་གང་བ་ཙམ་ཞིག་མཐོང༌། སེམས་དགའ་བ་དང་སྤྲོ་