R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༢༩
[A:༤༢༩]རྣམས་དོན་གྱི་ཡོན་ཏན་འདུག་ཟེར་བར་ཐག་གཅོད་པ་བྱུང༌། དགུན་ཆོས་གཅིག་གི་ཚེ་དེང་སང་ཐུབ་བསྟན་རྣམ་རྒྱལ་གྱི་མཁན་པོ་བྱེད་པའི་ཆོས་རྗེ་བྱམས་པ་རབ་བརྟན་ཟེར་བ་དེ་གྲ་སྐོར་ལ་བྱུང༌། ངེད་ལ་ཕར་ཕྱིན་ལ་གཞུང་ཞུ་བྱས། རྒྱུན་ཞུགས་ཞུགས་པ་རྒྱུན་ཞུགས་ཆོས་ཅན་ཟེར་བའི་བཅད་སྐྱོན་བྱས་ནས་རྣམ་ཐར་སྒོ་གསུམ་དུ་རྒྱུག་འབྲལ་བྱེད་ཅིང་འདུག །བྱང་ངམ་རིང་ཆོས་སྡེར་སྤྱིར་བཅད་སྐྱོན་དང༌། ཁྱད་པར་བསྟན་བཅོས་ཕར་ཕྱིན་སྐབས་སུ་བཅད་སྐྱོན་བྱེད་མཁན་ལ་འཕྱས་སྨོད་མ་གཏོགས། ཡོན་ཏན་གྱི་གྲགས་པ་སྒྲོག་པའི་ཤེས་ལྡན་གཟུར་གནས་སུ་ཡང་མེད། དེང་སང་ཁོང་གི་རྣམ་ཐར་སློབ་དཔོན་པ་ཞིག་གིས་བྱས་པ་ན། ཁོང་པ་རྒྱལ་བའི་རྒྱལ་ལུགས་ཀྱི་རྫུན་མང་པོ་བྲིས་འདུག་ཟེར་རོ། །ཡང་སྐབས་ཤིག་སྡེ་གུང་པའི་སློབ་དཔོན་ཆོས་རྗེ་མགོན་རིན་བ་ཟེར་བ་ཞིག་ཁོ་བོ་ཅག་ལ་གཞུང་ཞུ་བྱེད་དུ་བཅུག །བགྲོ་གླིང་མང་པོ་བྱས་པས་སེམས་ཅན་ཐམས་ཅད་སངས་རྒྱས་པ་མེད་པ་དང༌། རྒྱལ་པོ་དོན་གྲུབ་ཀྱང་སངས་རྒྱས་པ་མེད་ཟེར་བ་བྱས་པས། ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེས་སློབ་དཔོན་ཀླུ་སྒྲུབ་དེ་སྐད་བྱས་ཅུང་མི་ཡོང་ངམ་གསུང་པ་ལ། བསམ་གྲུབ་དགའ་ལྡན་པའི་སློབ་དཔོན་སྣར་ཐང་དབུ་མཛད་ཟེར་བའི་ཆོས་ཁྲིམས་པ་ཞིག་ཡོད་པ་དེ་ན་རེ། ང་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་ཡིན། ས་སྐྱ་པའི་ལུགས་ལ་ཁོང་སྤུ་ཙམ་ཡང་འཆུགས་པ་མེད་དོ་ཟེར། དེའི་དགོངས་དགའ་ལྡན་པའི་ཆོས་ཁྲིམས་པ་ཞིག་ཡོད་པ་དེ་བདག་གི་རྩར་བྱུང༌། ཆོས་རྗེ་མགོན་རིན་པ་ཟེར་བ་དེ་དེང་སང་བཀྲ་ཤིས་ལྷུན་པོ་ན་སྟོན་པ་བཟང་ཤོགས་ཡིན་པ་ལ། དེ་ཐུབ་པས་དགའ་ཚད་ཡིན་ནོ་ཟེར་མཐེ་བོ་བསྒྲེང་བ་བྱུང༌། ཡང་ཆོས་རྒྱལ་ཀུན་