R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༨
[A:༤༥༨] རྟ་ཁལ་མང་པོ་ཡང་ཡོད་པས་དྲུང་འཁོར་ཞིག་ངེད་ཀྱི་གདོང་དུ་བཏང་བྱུང་ནས་ཁྱེད་འདིར་བསྟད་པ་ཞིག་ཡིན་ནམ་ཕྱོགས་ལ་ཐེགས་རྒྱུ་ཞིག་ཡིན། འདིར་བསྟད་པ་ཡིན་ན་གཉེར་པ་དེ་བོས་ཤོག་གསུང་ཟེར། དྲུང་ཆེན་གྱིས་འདི་བཞིན་ཡིན་ཚུལ་དང་འདི་ཁར་བསྟད་པ་ཡིན་ཚུལ་ཞུས་པས་མི་དེ་གཉེར་པ་འབོད་པར་ཐེགས་སོང༌། དེ་ནས་རྩེར་མཇལ་དུ་ཕྱི་རང་གི་བསམ་པ་ལ་རང་ལ་ཆོས་ཀྱི་གཏམ་ཅུང་ཟད་སྨྲ་རྒྱུ་ཡོད་དེ་དེ་ནི་སྐུ་མདུན་གྱིས་མི་དགོངས། སྐུ་མདུན་ལ་འཇིག་རྟེན་གྱི་གཏམ་གསུང་མཛད་ཡོད་དེ་ནི་ངེད་ཀྱིས་མི་གོ་ཞིང་དེའི་ལན་སྨྲ་རྒྱུ་ཡང་མེད་ལེགས་ལེགས་འབལ་འཇམ་མང་པོ་ཡང་ཞུ་མི་ཤེས། ངེད་གཉིས་རང་མཇལ་འཕྲད་ལེགས་པོ་ཞིག་ཨེ་ཡོང་ན་བསམ་པ་བྱུང་ཡང་དྲུང་ཆེན་རིན་རྒྱམ་པས་སྙན་བརྗོད་མང་པོ་དང་ལེགས་སྦྱོར་མང་པོ་ཞུས་པས་ཐུགས་ཡིད་འདྲེངས་པ་ཡིན་ནམ། མཇལ་མ་ཁོད་ཤིན་ཏུ་འཕྲོད་པའི་གསུང་གླེང་དང་བཅས་ཞག་འགའ་བཞུགས་གསུང་ནའང་བྱ་གཤོངས་ཀྱི་དགུན་ཆོས་འཛུགས་པ་སོགས་དགག་དགོས་ཆེན་པོ་ཡོད་པས་སང་ཉིན་ཕྱིན་ཆོག་དགོས་ཞུས་པས།དེ་ལྟར་ན་དགོངས་པ་དང་སྦྱོར་གསུང་གནང་སྦྱིན་སོགས་ཤིན་ཏུ་བཟབས་པ་དང་བཅས་སངས་ཉིན་སྔ་བར་ཡོངས། ཤངས་ཀྱི་མདའ་ཤངས་མཐོང་སྨོན་གྱི་ཕྱོགས་གཅིག་ལ་སྐྱེད་ཚལ་ཡངས་པོ་ཞིག་ན་ཕྱིན་ཤོལ་པོའི་ར་བ། དེའི་ནང་ན་ལྕང་དཀར་གྱི་ར་བ། དེའི་ནང་ན་ལྕང་སྨུག་པའི་ར་བ། དེའི་ནང་ན་མེ་ཏོག་གི་ར་བ་ཡོད་པའི་སྐྱེད་ཚལ་ཞིག་ཏུ་ཚ་བ་ལ་སླེབ། དཔོན་སྐྱ་དེས་ནང་དུ་ཤོག་ཟེར་ནང་དུ་ཇ་ལ་བོས། ཕུག་ན་ཚོམས་ཀ་བཞི་མ་རྟེན་མཆོད་དང་བཅས་པ་ཞིག་ལམ་ཁ་ནང་སྨིག་རྩེ་འབྲེང་ཆགས་སུ་ཡོད་པའི་མཛོད་སོ་སོའི་ནང་ནོར་གྱི་གང་སྒོ་ཐམས་ཅད་གདངས་ནས་བཞག །སྤྲོ་སེག་ཤིན་