R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༩
[A:༤༦༩]སྟོབས། །འབྲལ་མི་ཕོད་མཆི་མས་སྐྱེལ་མ་བྱས། །དེ་ནས་བྱ་གཤོངས་སུ་དགུན་ཆོས་དང་པོ་འཛུགས་པ་ལ་ཞག་གསུམ་ལས་མེད་པ་ཉེར་བདུན་ལ་སླེབ། །གནམ་གང་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དུས་མཆོད་བླ་བྲང་རང་ནས་མང་ཇ་གཏོང་དགོས། ཚེས་གཅིག་ལ་བསྡུས་གྲ་བ་དང༌། མི་སྣས་ཆོས་གཏོར་དགོངས་ཕྱོགས།རིགས་འབྲིང་ལུང་འབྲིང་པའི་རིགས་ལུང་ཚེས་གཉིས་ཀྱི་སྔ་དྲོ་རྣམ་རྒྱལ། འཇམ་ཐོན་ནས་སྔ་ཆོས་ཀྱི་རིམ་པ་ལ་ཐོག་མར་དཔལ་གང་དྲིན་མ། རྣམ་སྲས་གཏོར་ཆོག །དེ་ནས་ཚད་མའི་ཊཱིཀྐ་རིགས་འབྲིང་ཡན་ལ། དེར་རྗེས་ཕར་ཕྱིན་གྱི་ཊཱིཀྐ་ལུང་འབྲིང་ཡན་ལ། དེ་ནས་འདུལ་བའི་འགོ་ནས་གཞུང་འགྲེལ་དང་བརྡ་ཆད་དོགས་གཅོད། དེ་རྗེས་ཚད་མའི་རིགས་ཆེན་པ་ཡན་ལ་ཟིན་ཐུན་བྱེད་དགོས། ཐོག་མར་རྣམ་འགྲེལ་གྱི་གཞུང་གི་ཐོག་མ་ནས་གཞུང་འགྲེལ་དོགས་གཅོད་དང་བཅས་པ་རང་ལུགས་ཀྱི་བརྡ་ཆད་རྣམ་གཞག །རིགས་པའི་སྒོ་ནས་དགག་སྒྲུབ་ཀྱི་མཐའ་གཅོད་པའི་རིགས་པའི་འཕྲེང་བ། དེ་ནས་ལུང་ཆེན་པ་ཡན་ལ་ཕར་ཕྱིན་ཟུར་བཀོལ་ལ་ཐོག་མར་གཞུང་འགྲེལ་རང་ལུགས་བརྡ་ཆད། དགག་སྒྲུབ་ཀྱི་མཐའ་བཅད་པའི་རིག་པ། དེ་ནས་པོ་ཏི་ཕྱི་མ་ཡན་ལ་མངོན་པ་མཛོད་ཀྱི་གཞུང་གང་ཡིན་པ་གཞུང་འགྲེལ། རང་ལུགས་ཀྱི་བརྡ་ཆད། དགག་སྒྲུབ་ཀྱི་ཐལ་འགྱུར། དེ་ནས་རིགས་ཆེན། ལུང་ཆེན། པོ་ཏི་ཕྱི་མོ་བ་རྣམས་གྱེས། དེ་ནས་རིགས་ཆུང་བ་རྣམས། དེ་རྗེས་ལུང་ཆུང་པ་རྣམས། དེ་རྗེས་བསྡུས་གྲ་བ་ཚོ་བཞི། དེ་སྔ་ཆོས་གཉིས་པ་རིགས་ཆེན་པ་ནས་བསྡུས་གྲའི་བར། དེ་ནས་གུང་ཚིགས། དགོངས་ཆོས་ལ་དཔལ་གང་དྲིན་མ། དམག་ཟོར་གཏོར་བསྔོ། དེ་རྗེས་ཚད་མ་དང་ཕར་ཕྱིན་ཊཱིཀྐ། དེ་ནས་འདུལ་བའི་སྤྱིར་བསྟན་གཞི་