[A:༤༧༠]སྨད་སོགས་ལ་སྔར་བཞིན། དེར་རྗེས་རིགས་ཆེ་འབྲིང༌། དེ་རྗེས་ལུང་ཆེ་འབྲིང༌། དེ་རྗེས་པོ་ཏི་ཕྱི་མའི། དེ་རྗེས་དབུ་མ་ལ་སྔར་བཞིན། དེ་ནས་པོ་ཏི་ཕྱི་མ་གྱེས། དེ་ནས་རིགས་ཆུང༌། དེ་ནས་ལུང་ཆུང༌། དེ་ནས་བསྡུས་གྲྭ་པ་རིམ་པ་བཞི། དེ་ནས་དགོངས་ཆོས་གཉིས་པ་ལ་རིགས་ཆེ་འབྲིང༌། ལུང་ཆེ་འབྲིང༌། དེ་ནས་བསྡུས་གྲ་བ་རིམ་པ་བཞི་རྣམས་རིམ་བཞིན། དེ་ནས་དགོངས་མོའི་ཆོས་སྤྱོད་དེ་གྲོལ་ནས་རིགས་ལུང་རྣམས་ཀྱི་རིམ་པ་འཕྱུག་མེད་དུ་ཡོད་པ་ཡིན་ནོ། །དེའི་ཚེ་དགེ་འདུན་རྣམས་ཆོས་ཉན་པ་ལ་བྲོད་པ་ཆེ་ཞིང་སྤྲོ་བ་ཆེ་བས་ཡིད་བཞིན་གྱི་ནོར་བུ་མཐོང་བ་ལ་སུས་ཐོབ་བྱེད་པ་བཞིན་ཆོས་ཉན་པ་ལ་སུས་ཐོབ་བྱེད་ཅིང་རྒྱུག་འདྲལ་བྱེད། རྗེས་མ་རྣམས་སྔ་མའི་སྟེང་དུ་བརྩེགས་ཤིང་ཉན། ཉན་མ་ཐག་སྐྱོང་ལྟར་འུར་ཟིང་རེ་བ་བྱེད་མདོར་ན་ཉིན་མཚན་དུ་སྐྱོང་ལྟར་དང་རིགས་ལུང་གི་འུར་སྒྲ་དིར་རེ་བས་ཉིན་མཚན་དུས་འདའ། རང་ལ་འཆད་ཉན་བྱེད་རྒྱུ་ཡོད་ཕྱིན་འདི་ལྟ་བུ་རུ་འཆད་ཉན་བྱེད་པ་ནི་ཚེ་དོན་ཡོད་ཡིན་སྙམ་པས་འཆད་པ་པོ་སྤྲོ། ཉན་པ་པོ་ཉན་པ་ལ་སུན་པ་མེད་པས་ལུང་རིགས་བསྟན་པ་ལ་བྱ་བ་བྱས་པས་བླ་མ་གོང་མ་ཐུགས་དགྱེས་ཤིང༌། ཆོས་སྐྱོང་སྲུང་མས་བར་ཆད་སེལ་བའི་སྟོང་གྲོགས་མཛོད་ཅིག་ཅེས་སྨོན་ལམ་འདེབས་པ་ལ་བརྩོན་པར་གནས་སོ། །དཔལ་མཉན་ཡོད་ཆོས་གྲྭའི་དགའ་ཚལ་དུ། །ཁོང་བློ་གསལ་དོན་གཉེར་ཁོ་ན་ལ། །ཆོས་ལེགས་བཤད་སྦྲང་ཆར་ཟིམ་པ་འདི། ཚེ་དོན་ཡོད་ཡིན་ཞེས་སྤྲོ་བ་འཕེལ། །ལེགས་བཤད་འཆད་པའི་འོད་བརྒྱ་སྤྲོས་པ་ལས། །གཞུང་ལུགས་པདྨའི་འདབ་སྟོང་ཁ་ཕྱེ་སྟེ། །ཟབ་དོན་སྦྲང་རྩིའི་རོ་དང་དྲི་བཟང་གིས། །བློ་གསལ་བུང་བ་ཚིམ་བྱེད་བླ་མའི་དྲིན། །དོན་མ་གོ་ཚིགས་ཚོགས་ཆོས་འཆད་མཁན། །རང་འོ་བརྒྱལ་གཞན་གྱི་བློ་གྲོས་འགག །རང་