R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༡
[A:༤༧༡]ངེས་པ་རྙེད་པའི་ལེགས་བཤད་གཏམ། །གཞན་བློ་གྲོས་ཁ་འབྱེད་འཆད་ན་མཁས། །ཚིགས་བཅད་དང་སྦུགས་ཞུགས་འཕོངས་ཤོར་སོགས། །དོན་བར་ཞུན་ཡིན་ཞེས་འཆད་རྣམས་འཁྲུལ། །གཞུང་ངེས་པ་རྙེད་པའི་རིགས་པའི་འཕྲེང༌། །གཞན་རྒོལ་བ་འཇོམ་མཁས་བར་ཞུན་ཡིན།།དབྱར་ཆོས་གྲ་ཕྱིར་ཆོས་འཆད་ཀྱི་ཚེ། ཆོས་ཁྲི་ལྷོ་ཞེས་པ་ཐོག་མེད་པ་ཞིག་ན་ཆོས་འཆད་བྱེད་དགོས་འདུག་པས། རང་ལུས་ངན་པ་ལ་ས་གཞིའི་གནོད་པ་ཡོང་བ་མ་བཟོད་ནས། ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོ་ཆོས་ཁྲི་གསར་པ་ཐོག་འབུབས་ལེགས་པ། དེའི་མདུན་དུ་རྡོ་བཅལ་དང་བཅས་པ་ཐེབས། སྔ་དྲོ་ཞིག་དྲུང་རམས་པ་ཟླ་འོད་ཟེར་བ་ཞིག་བྱུང་ནས། སྔར་རིན་སྤུངས་ནས་བཀོད་ཇ་ཞུ་མ་ཐུབ་འདུག་པས་འདི་ཁག་ཆེན་པོ་ཡིན་ཆེ་བགྲེས་མི་སྣ་རང་ལ་སྐོར་ཡང་ཨེ་རིགས་ཟེར་བྱུང། ཆེ་བགྲེས་མི་སྣ་རང་ལ་གླེངས་པས་གྲ་པ་གཉིས་བང་ཆེན་ལ་དམིགས་ཡོད་ཟེར། ངེད་ཀྱི་ཞུ་ཡིག་སྙན་ངག་བྱས་པ་ཞིག་བསྐུར་ནས་བཏང་བས་ཤིན་ཏུ་མཉེས། བཀོད་ཇ་བཀོད་ཡིག་དང་བཅས་གནང༌། ཁྱེད་རང་སྐོར་ཅིག་འཕྲལ་དུ་སླེབ་པ་གྱིས་གསུང་བ་ཕེབས། ཆེ་བགྲེས་མི་སྣ་རྣམས་བསགས་རིན་སྤུངས་ནས་བཀའ་ཤོག་འདི་བཞིན་འདུག་པ་ཕྱིན་ན་དཔྱིད་ཆོས་ལ་དོར་ཡོད་པ་འདྲ་ཅི་ལྟར་ལེགས་བྱས་པས། དཔྱིད་ཆོས་ཆོས་ཐོག་གཅིག་ཆག་ནའང་ཕུགས་གྲ་ས་ལ་ཁྱེད་ཆེ་བས་བྱོན་པ་ལེགས་ཟེར་དཔོན་སློབ་ཁ་ཅིག་མགྱོགས་བཤད་ཕྱིན་སྡེ་སྲིད་ཤིན་ཏུ་དགྱེས། སྐུ་གཞོགས་ན་སྣར་ཐང་བྱང་ཆེན་གྱི་མཁན་པོ་ཡིན་པའི་གསེར་མདོག་ཅན་པ་འཕགས་པ་ལྷ་ཟེར་བ་ཞིག་འདུག །སྡེ་སྲིད་ཞལ་ནས་སྔར་བོད་ཁ་བ་ཅན་དུ་བསྟན་པ་དཔང་དུ་བཙུགས་པའི་རྩོད་པ་བྱེད་མཁན་རྒྱལ་པོ་ཁྲི་སྲོང་ལྡེ་