R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༣
[A:༤༧༣]ལ་གོང་ར་ལོ་ཙཱ་བ་དང་གཉིས་ཀས་འདི་འདྲ་ཤིན་ཏུ་ལེགས་གསུངས་ནས། སྔོན་ལ་བསྟན་བཅོས་རྩོམ་པ་པོ་རང་གི་འབྲུ་རྒྱོབ་གསུང་ཁོ་བོས་འབྲུ་རྒྱབ། སྡེ་སྲིད་ནས་དེ་ལ་འབྲུ་ཁྱད་པར་བ་འདི་ལྟ་བུ་ཞིག་ཡོང་བ་འདུག་གསུང་འབྲུ་ཞིག་གནང༌། གོང་ར་ལོ་ཙཱ་བས་དེ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་འབྲུ་ཞིག་ངས་བརྡེག་གསུངས་ནས་འབྲུ་ཞིག་གནང་དེ་སོགས་ཤིན་ཏུ་དགྱེས་དགྱེས་མཛད། ཡང་སྐབས་ཤིག་རང་རེ་རྩོམ་པ་སུ་མགྱོགས་ལྟའོ་གསུངས། སྡེ་སྲིད་ཀྱིས་གཅིག་བརྩམས། ཡར་འབྲོག་སྟག་ལུང་པས་གཅིག་བརྩམས། གོང་ར་ལོ་ཙཱ་བས་གཅིག་བརྩམས། ཁོ་བོས་དེ་མྱུར་བར་བརྩམས། སྡེ་སྲིད་ཀྱི་བྲིས་གསུབ་མང་པོ་དགོས་པ་ལ་ཤིན་ཏུ་ལེགས། སྟག་ལུང་པས་བདག་གི་དེ་ཙམ་མི་ཡོང་གསུངས། སྐབས་སུ་བབས་ཙམ་གོང་ར་ལོ་ཙཱ་བས་དཔག་བསམ་འཁྲི་ཤིང་སོགས་གཞུང་གི་འབྲུ་བརྡེག་ཕ་ལ་ཤིན་ཏུ་དངོས་གཙང་བ། བརྡེག་ལུགས་ཉམས་འཆར་བ། རྩོམ་ལ་ཐུགས་ཡུས་པོ་རང་མི་གནང་བཞུགས་གྲལ་ཕལ་ཆེར་རྩོམ་རེས་ཀྱིས་དུས་འདའ། གསོལ་གྱི་བཞུགས་གྲལ་དཔོན་སའི་དྲུང་དུ་ཡོང་ཞིང་འཕྲོས་གླེང་པ་སོགས་སྟག་ལུང་པས་མཛད་ཅིང༌། ལུགས་གཉིས་ཅར་ལ་སྐུ་ཡོན་ཤིན་ཏུ་ཆེ། རང་རེ་ལའང་བྱ་གཤོངས་པའི་སྦྱིན་བདག་གི་ཞེན་གྱིས་མཐོང་བདག་རྐྱེན་ཡང་དག་མཛད། ཞག་བཞི་ལྔ་བསྡད་སྡེ་སྲིད་ཀྱི་གནང་སྦྱིན་དར་གོས་ཇ་རྡུམ། རིང་འགགས་ཤིན་ཏུ་ལེགས་པ། དཔོན་སའི་དྲུང་གིས་དར་གོས་སོགས་གཟན་རོང་གི་ཕྲུག་པོ་ཆེ་ཤིན་ཏུ་དངོས་གཙང་བ། མཚེར་ཇ། ཡར་ལམ་གྱི་ལམ་བརྒྱགས། ལམ་ཇ། ཇ་སྡོར་སོགས་ཡང་དག་པ་གནང༌། གནས་རིན་སྤུངས་གངས་ཅན་མཛེས་པའི་རིར། །མཆོག་རྒྱལ་རིགས་ཙནྡན་དཀར་