R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༥
[A:༤༧༥]པོ་མཛད། ས་སྐྱ་སྟེང་འོག་གདོང་དགའ་སྤེ་ཆུང་སོགས་པ་འདི་མཛོད་གསུང་བའི་བསླབ་སྟོན་དང༌། ཁྱད་པར་བདེ་གཟར་གྱི་འཕྲོས་བོ་དོང་ཕྱོགས་སུ་སྐྱོན་ཅུང་ཟད་ཡོང་བ་འདུག་གསུང་དེ་ག་བཞིན་སྟོན་དེ་བོ་དོང་དུ་དམག་གི་མཐིལ་ཕབ། གནས་གསར་ནས་ལ་བྱ་གཤོངས་སུ་བསྐྱས་ཞག་གནང་དགོས་བྱུང༌། རྩ་བ་བྱང་རང་གི་བཞད་མཐོང་སྨོན་ནས་ཡིན་པའི་མདོ་སྡེ་པོ་ཏི་སུམ་ཅུ་སོགས་དང༌། གཞན་ཕྱག་རྫས་གཅེས་པ་འདྲ་བྱ་གཤོངས་བླ་བྲང་དང་གཙུག་ལག་ཁང་དུ་བཅོལ་མོ་མཛད། དེ་ནས་བདག་གི་སྔར་གསེར་གསེར་ཞོ་གང་ཙམ་སྔ་འཕྲུལ་ཕུལ་ཡོད་པས་གཟིམས་དཔོན་ནགས་ཁ་བ་བརྒྱུད་ནས་སྔར་འདི་འདྲ་ཞིག་ཡོད་དེ་དེ་ནི་ཞུ་སྤོབ་པ་མི་འདུག །གྲ་ས་ལ་ཕན་པའི་རྫས་འདྲ་ཞུས་ནས་ཨེ་ཁྱབ་ཞུས་པས་དེ་ལོས་ཡོང་དགོངས་པ་ལ་གང་འདུག་ཟེར། དགེ་སྡིངས་ནས་དྲངས་པའི་རྡོ་ལྷ་མཐོ་རེ་བ་འདྲ་འདུག་དེ་ཞུ་བྱས་པས། དཔོན་ས་ཡུམ་དྲུང་གིས་དེ་ག་འབུལ་སྤྲོ་གསུང༌། དེ་མ་ཐག་གྲ་པ་རྣམས་བསྐུལ་ནས་གནས་ཁང་སོ་སོ་ན་ཡོད་པ་རྣམས་ཆོས་རྗེ་ཨ་འབྱོར་བ་ལ་དྲིས་ནས་ཚང་མ་འདྲེན་ཐུབ། དེ་ཡང་མཚམས་སུ་ཁེལ་ཏེ་ཅུང་འཕྱིས་ན་བྱ་གཤོངས་སུ་ཡོང་བའི་ཚད་དུ་མི་འདུག ཁོང་རྣམས་ཕེབས་སྐྱེལ་ལ་ཁྲོམ་མདའ་བཀྲ་ཤིས་རྩེ་ཐུག་ཁོ་བོས་ཀྱང་ཕྱིན་ངེད་ཡོན་མཆོད་རྣམས་རྫིང་ལུང་གིའི་གདོང་དེར་སླེབ་ཙམ་ནས་སྒྲ་ཆེན་པོ་བྲག་རལ་བ་འདྲ་ཞིག་བྱུང་སྟེ། ཕྱིས་བརྟགས་ན་ཁོང་རྣམས་ལ་ངན་པའི་ལྟས་ཡིན་པ་འདྲ་བསམ། སྔ་སོར་རྗེ་སངས་རྒྱས་རྒྱལ་མཚན་པའི་སྐབས་སུ་ཕྲ་མ་བ་སོགས་ཀྱི་འགོ་བྱས་པའི་དམག་གི་དཔོན་དྲུང་གཡུངས་པ་བྱ་གཤོངས་གཙུག་ལག་ཁང་གི་སྟེང་དུ་བཀྲོང༌། གླིང་སོ་སོ་ལ་གནོད་པ་ཆེན་པོ་བྱས་