[A:༤༨༩]རླུང་གིས་ཁྱེར་བཞིན་ག་ཤེད་སོང༌། །སྟག་ལོ་དེ་སོགས་ཆོས་མཚམས་བྱུང་རེས་ཀྱི་ཕལ་ཆེར་གསོལ་ཕུ་རོང་མཚོ་གཉིས་སུ་ཁོ་རེ་ཕྱིན། རོང་མཚོའི་གཟིམས་ཁང་གསར་པ་མཎ་གདང་གསར་པ་སོགས་ལ་རབ་གནས་དང༌། ཆོས་ཀྱི་ཐུགས་བཞེད་ཤིན་ཏུ་ཆེ་བས་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་ལྟ་འཁྲིད། ཐོགས་མེད་ལུགས་ཀྱི་སེམས་ཙམ་པའི་ལྟ་འཁྲིད། སྒྲོལ་དཀར་ཚེ་འཁྲིད། གྲུབ་རྒྱལ་མའི་ཚེ་འཁྲིད། ཀྱེ་རྡོར་ཡབ་ཡུམ་གྱི་དབང༌། གཤེད་དམར་གྱི་དབང་སོགས་དང༌། རྗེས་གནང་གི་རིགས་བསམ་གྱིས་མི་ཁྱབ་པ་གསན། མདོར་ན་ཆོས་དང་ཟང་ཟིང་སྐྱེས་ཀྱི་དགའ་སྟོན་སྣོལ་མ་ལ་དུས་འདའ་བར་བགྱིད་པ་ཡིན་ནོ། །གོས་བཟང་པཉྩ་ལི་ཀར་འགྲན་བཟོད་པའི། །ངུར་སྨྲིག་གོས་དང་ལི་ཁྲིའི་མདངས་ཆགས་པའི། །གོས་ཀྱི་ཀླུབས་ཚེ་ཟས་གཙང་སྲས་ཁྱོད་ཀྱིས། །ན་བཟའ་དམར་ ཞེས་རབ་བརྟགས་ཀྱི་རྒྱན་ནོ། །སེར་འདི་ན་སྤུངས་མིན་ནམ། །དེ་ནས་ཡོས་ལོ་ཅུང་ཟད་ཟིར་རྐྱེན་ལ་བརྟེན་ནས་བྱང་ནས་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་ཤར་ལ་ཕེབས་པའི་ལམ་བར་བྱ་གཤོངས་སུ་ཞག་གཉིས་གསུམ་སྐུ་ངལ་གསོར་བཞུགས། གླ་བོ་གང་ཁར་ཕེབས་སྐྱེལ་ལ་ཕྱིན་ཕན་ཚུན་དུ་འཁོར་བ་ལ་སྙིང་པོ་མེད་པའི་སྐྱོ་ཤས་ངེས་འབྱུང་གི་སྐུལ་འདེབས་ཚད་མེད་པ་བྱུང༌། རིགས་འཁྲུལ་མེད་ཆོས་རྒྱལ་བཀྲ་ཤིས་མཚན། །རྗེ་པདྨཱ་ཀ་རའི་སྤྲུལ་པར་གྲགས། །གཞན་ཕྱོགས་མེད་འགྲོ་བའི་དོན་ལ་དགོངས། །ཡུལ་དབུས་གཙང་ཞབས་འཆག་དེ་ནས་དར། །རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་དཔྱིད་འདུ་ཁང་གསར་བཞེངས་ཀྱི་ཆེད་དུ་ལྕང་གཅོད་བྱས་དེ་དུས་བདེ་གཟར་གྱི་རྣམ་པ་ཟིར་རེ་བ་ཡོད་ཀྱང་སྟོན་བསམ་རྩེར་ཆོས་དབར་ལ་འབྱོན་དགོས་གསུངས་ཕོ་ཉ་བ་ཡང་ཡང་བྱུང༌།