[A:༤༩༣]ནོ། །ཚུལ་ལྡན་ངུར་སྨྲིག་དྲི་བཟང་གིས་བྱུགས་བཞིན། །བཀྲ་ཤིས་གསོ་སྦྱོང་ཤིས་པའི་ཆོ་ག་བསྟར། །སྤྱི་བོར་དབང་བསྐུར་རྒྱལ་པོའི་མངའ་དབུལ་ལྟར། །བཀྲ་ཤིས་སྙན་གྲགས་ཕྱོགས་ཀྱི་རྣ་རྒྱན་མཛེས། །དགྱེས་མཛད་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དུ། །བཟང་དྲུག་ཆོ་ག་རྒྱུད་མངས་གླུ་དབྱངས་ཀྱིས། །ཨུཏྤལ་པདྨ་མནྡྷར་མྱ་ངན་མེད། །བཀྲ་ཤིས་མེ་ཏོག་ཕོན་པོའི་ཆར་རྒྱུན་ཕབ། །མཉན་ཡོད་བྱ་གཤོངས་སྐྱེད་ཚལ་གཞལ་མེད་ཁང༌། །འདི་ཙམ་གྱིས་ཀྱང་འཛམ་གླིང་ནོར་འཛིན་ཁྱོན། །དོག་པར་བྱས་ཚེ་བྱེད་པོའི་རྫུ་འཕྲུལ་གྱིས། །སྟོང་གསུམ་འདི་དག་ཡངས་པར་བྱས་སོ་སྙམ། །དེ་ཚེ་དབུས་གཙང་དག་པའི་ཞིང་ས་ཆེར། །ལུང་རིགས་རྨ་མེད་ཆོས་རྔ་འདི་བསྒྲགས་པས། །མེ་ཏོག་གཞུ་ལྡན་དཔུང་དང་ལྷན་ཅིག་ཏུ། །ཕ་རྒོལ་ལོག་སྨྲ་ས་མཐར་བྲོས་པར་ངེས། །སྦྲུལ་ལོའི་སྟོན་སྙེ་མོ་ཉང་སྟོད་སོགས་ནས་ལྷ་རིས་པ་དགུ་བོས་ཤིང་རྩི་བྱེད་པར་བརྩམས་པས་རང་གི་རོགས་རྣམས་ཀྱིས་ཐུགས་ཐུང་ལ་རྒྱུ་ཆ་རྣམས་དང༌། བཟོ་རིས་པ་རྫོང་བདར་གྱི་ཡོ་བྱད་རྣམས་ཀྱང་མི་འབྱོར་ཟེར་འུ་ཐུག་པོ་བྱེད་ཀྱིན་འདུག་ནའང་དེ་འདྲ་མི་དགོས་རྟ་གྱད་གླིང་བཙོང་ནས་ཡོ་བྱད་བསྒྲུབས་པས་ཆོག་ཟེར་བ་བྱས། སྦད་ཆོད་ཀྱི་ལག་ཏུ་བླངས་པས་ཤིང་རྩི་ལེགས་པར་གྲུབ། མགུར་ནང་སོའི་སྦྱིན་བདག་བྱས་ནས་མཉན་ཡོད་བླ་རིམ་དང༌། འོད་དཔག་མེད་ཀྱི་ཞིང་ཁམས་ཀྱང་ལེགས་པར་གྲུབ། གསེར་ཆ་ཞིག་འབྱོར་དགོས་པ་འདུག་པས་ད་ལྟ་ལག་ན་ཡེ་མི་འདུག རང་གི་འབྲོག་སྡེ་ལ་སློངས་ཤིག་བྱེད་དགོས་བསམ་པ་ཡོད་པ་ལ་ལྷ་རྩེ་ནས་བཀྲ་ཤིས་ལགས་ཀྱི་ཤིང་རྩི་ལ་གསེར་ཆ་བཞིན་འབུལ་མཁན་ཨེ་བྱུང༌། གསེར་ཆ་དགོངས་པར་ཡོད་ན་ངེད་ལ་ཡང་ཞོ་གང་དོ་འབུལ་རྒྱུ་ཡོད་