[A:༡༠༢]གཏམས་པ་རིན་པོ་ཆེ་གུར་ཆེན། བྱང་བདག་པོའི་ཏི་ཤྲཱི་ཆོས་ཀྱི་རྗེ་དབུ་ནི་པ། ཆོས་རྒྱལ་གདུང་བརྒྱུད་དྲི་མ་མེད་པ་མཁས་བཙུན་དམ་པ་ལྷ་བཙུན་པ། དཔོན་ཆེན་རྒྱལ་པ་བཟང་པོའི་བརྒྱུད་པ། རྡོ་རྗེ་འཆང་ཚར་པ་ཆེན་པོའི་བྱིན་རླབས་ཀྱི་གྲོལ་བ་གཞིས་ཀ་ཆོས་རྗེ། བདེ་བ་ཅན་གྱི་གདན་ས་པ་གཙང་པ་ཆོས་རྗེ། མཁས་ཤིང་འཇའ་ཚུབ་བུན་ནེ་གཤེགས་པ་ཡུལ་ལྷ་ཉེ་གནས། མཁས་པ་ར་བ་སྨད་པའི་སློབ་དཔོན། མཁས་ཤིང་ཐུགས་དམ་འཕེལ་བ་གཟིམས་ཁང་འོག་སློབ་དཔོན་པ། མཁས་བཙུན་དམ་པ་སྒྲོམ་མདའ་ཆོས་རྗེ། མཁས་བཙུན་ལྡན་ཞིང་འབྲོམ་རྗེ་རྒྱལ་བའི་བྱིན་རླབས་ཞུགས་པ་སྒ་ཆག་ཆོས་རྗེ། སྒྲུབ་བརྒྱུད་ཕྱོགས་སུ་ཉམས་དང་རྟོགས་པའི་རྩེར་སོན་ཀརྨ་རྡོ་རྗེ། མཁས་གྲུབ་དམ་པ་ཀྲི་ཆེན་ཆོས་རྗེ། མཁས་གྲུབ་གཉིས་པ་སྲིན་པོ་ཆོས་རྫོང་པ་ཆོས་བརྒྱད་ཞིག་ནས་སྒྲུབ་པ་ལྷུར་ལེན་བ་བྲག་དཀར་ཆོས་རྗེ་ནང་སོ་ཆོས་མཛད། ལུང་ཕྲན་ཆོས་རྗེ། རྫ་དཀར་འགྲོ་མགོན་སོགས་དང༌། ཁམས་ཀྱི་ཕྱོགས་སུ་ཨ་ལི་ཆོས་རྗེ། ཆོས་གླིང་དབོན་པོ། །ཕུར་ཚ་དབོན་པོ། དགེ་ཚུལ་དབོན་པོ་ལ་སོགས་པ་ཤིན་ཏུ་མང་ངོ༌། །གཞན་ཡང་དབུས་གཙང་སྐྱིད་འཕན་ལ་སོགས་པའི་ས་རྣམས་སུ། གྲོ་ས་པ། ཉལ་པོ་བ། རྒྱ་བྲག་པ། ཤོམས་པ་ལ་སོགས་པའི་བླ་མའི་རིགས། ཀུན་དགའ་རྒྱ་མཚོ་བ་ལ་སོགས་པ་དབོན་ཆོས་མཛད་ཀྱི་རིགས། དྲུང་རམས་པ་ཀུན་རྒྱལ་བ། དབང་སེང་པ། ཆོས་སྐུ་བ་ལ་སོགས་པ་དཀའ་བཅུ་རབ་འབྱམས་ཀྱི་རིགས། སྤྲུལ་པའི་སྐུ་སྨན་ཐང་པ་ལ་སོགས་པའི་རིག་གནས་ལ་མཁས་པའི་ཆོས་རྗེའི་རིགས། བསྟན་པའི་བདག་པོའི་ཉེ་གནས་ལྷ་ས་དཀོན་གཉེར་དཔོན་པའི་ཆོས་རྗེ། སྒྲུབ་ཆེན་ཀུ་སཱ་ལིའི་རྣལ་འབྱོར་པ་