[A:༡༠༡]མཚོ། མཁྱེན་པའི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས་ཤིང་མཁས་བཙུན་དམ་པ་རིན་པོ་ཆེ་ལྷ་བཙུན་པ། ལྷག་པར་རྗེ་ཚར་ཆེན་ཉིད་ཀྱི་གསུང་ངག་གི་བདུད་རྩི་སོགས་སྙན་བརྒྱུད་ཀྱི་གཏེར་འཆང་བའི་ཚོགས་མཁན་ཆེན་གཞོན་ནུ་བློ་གྲོས། རྒྱུད་སྡེ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་བོ་དོང་མཁན་རིན་པོ་ཆེ་བསླབ་གསུམ་པ། སྤྲུལ་པའི་སྐུ་བྱ་ཡུལ་བ་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་པ་མཁས་བཙུན་དམ་པ་བཀྲ་ཤིས་རིན་ཆེན་པ། ཟབ་མོའི་ལམ་གྱི་བདུད་རྩིས་མྱོས་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས། གཞན་སྣང་ཟིལ་གྱིས་གནོན་པ་བྱམས་པ་བསྟན་པ་རབ་རྒྱས། ངག་དབང་ཆོས་གྲགས་རྒྱ་མཚོའི་ཤངས་ཆོས་ཀྱི་བཀའ་བབས་འཛིན་པ་རྣམ་རྒྱལ་དབང་པོ་རྣམས་སོ། །ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་བཞི་ནི། རིག་གནས་ཆེན་པོ་ལྔ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ། འབྲས་ཡུལ་སྐྱེད་མོས་ཚལ་གྱི་གདན་ས་པ་རིན་པོ་ཆེ་རིན་ཆེན་བཀྲ་ཤིས་པ། དེའི་གདན་ས་པ་མཁས་མང་ཀུན་གྱི་ཡིད་འཕྲོག་མདོ་སྔགས་བསྟན་པའི་མངའ་བདག་འབུམ་རབ་འབྱམས་པ་ཐར་པ་རྒྱལ་མཚན། བདེ་བར་གཤེགས་པའི་གཞུང་ལུགས་རབ་འབྱམས་ཀྱིས་མགྲིན་པར་བརྒྱན་པས་འཇིག་རྟེན་ཀུན་གྱི་མིག་ཏུ་གྱུར་པ། གསང་ཕུ་གླིང་སྟོད་ཆོས་རྗེ་བསྟན་པ་རབ་རྒྱས། མདོ་སྔགས་རྒྱ་མཚོའི་ཕ་རོལ་སོན་ཅིང་སྨྲ་བ་པ། གཞན་གྱིས་འགྲན་པར་མི་ནུས་པའི་མཁས་པ་ཞལ་སྔ་ནས་སྒོམ་སྡེ་རབ་འབྱམས་པའོ། །སྡེ་སྣོད་རྒྱ་མཚོའི་དོན་སྨྲ་ཞིང་བདག་པས་གཞན་གཅེས་སྒོམ་པ་གཟིམས་འོག་གདན་ས་པ་དཔལ་ལྡན་ཆོས་འབྱོར་བ། སྡེ་སྣོད་གསུམ་ལ་མཁྱེན་པ་རྒྱས་ཤིང༌། སྙན་བརྒྱུད་རྒྱ་མཚོས་ཐུགས་རྒྱུད་