[A:༡༡༤]པ་དང༌། ཞུགས་འབུལ་མཚན་ལ་གནང་གི་འདུག་པ་ནས། ངེད་རྣམས་ཀྱིས་ཀྱང་མཚན་ལ་བྱས་པས། དེ་ཉིན་ནམ་མཁའ་ཤིན་ཏུ་ལོད་པ་རླུང་དམར་གྱིས་གང་བ་ཞིག་འདུག །དེར་འདུས་པའི་མི་ཤིན་ཏུ་མང་བ་ཡོད་པ་ལས། ཕར་ཆེར་གྱིས་མི་རྣམས་ཀྱི་བསམ་པ་ལ། དོ་དགོངས་ནམ་མཁའ་འགྱུར་ཡོང་བ་གཞིར་བཅས་ད་ལྟའི་འདི་ག་བྱུང་ན། མི་ལ་ལ་ཁ་ཅིག་ཅུང་མི་གུས་སུ་ཨི་འགྲོ། ངེད་རང་ཚོ་ལ་བླ་མ་དེ་ལ་བྱུང་མ་བྱུང་ལ་ཁྱད་མེད་ཟེར། དེ་རྗེས་རིན་པོ་ཆེ་བྱ་ཡུལ་གདན་ས་པས་ཞུགས་འབུལ་མཛད་མཁན། བདག་གིས་ཕྱག་གཡོག་ཞུས་པར། ས་སྲི་སྲི་སྲི་བར་གདུང་ཁང་རྩིག་པ་སོགས་བྱེད་དུས། ནམ་མཁའ་སྤྲིན་འཚུབ་པོ་ཡོད་པ་རྣམས་ཀྱང་ཤིན་ཏུ་འཇམ་པར་བྱས་ཏེ་བལ་འཇམ་པོ་གསེད་པ་སྲབ་པར་བཀྲམ་པ་འདྲ་བ་ཞིག་བྱས། རླུང་འཚུབ་རྣམས་ཀྱང་ཞི། སྐུ་གདུང་རིན་པོ་ཆེ་གདུང་ཁང་དུ་གདན་དྲངས་འཕྲལ་སྤྲིན་རྣམས་ལ་ལ་ཁང་པའི་གདུང་བཏང་བ་བཞིན། ལ་ལ་འཇའ་དཀར་སྣམ་བུ་བརྐྱང་བ་བཞིན། ལ་ལ་ཀུ་ཤ་ལེགས་པར་བཀྲམ་པ་བཞིན། ལ་ལ་རྟ་རྔ་ཆུས་ཁྱེར་བ་བཞིན་བྱས། ནམ་མཁའ་ལ་ལར་བཻཌཱུརྻའི་མདོག་ལྟར་གྱུར། ཟླ་བ་ལ་འཇའ་ཚོན་སྣ་ལྔས་ཉིས་བསྐོར། མཐའི་རི་དང་ནམ་མཁའ་ལ་འཇའ་དཀར་པོ་ཅུང་ཤས་ཆེ་ཙམ་གྱིས་ཁོར་ཡུག་ཏུ་བསྐོར། བར་བར་ལ་འཇའ་སྣ་ལྔ་སྣམ་བུ་བརྐྱང་པ་ལྟ་བུ་ཤིན་ཏུ་མང་བས་བསྐོར། ཞུགས་ཀྱི་དུ་བའི་རྒྱབ་ཙམ་ལ་འཇའ་གདུང་ཚུགས་ཤིན་ཏུ་གསལ་བ་དང་བཅས་བྱུང་བ་དང༌། མེ་ཏོག་མང་པོ་ཡོད་འདུག་སྟེ་མཚན་མོར་སོང་བས་ལ་ལས་འདུག་ཟེར། ལ་ལས་མ་མཐོང་ཟེར། གང་ལྟར་གདུང་གི་དུ་ཐག་ཆོད་ནས་འཇའ་སྤྲིན་སོགས་ཚང་མ་ཡལ་བའི་ནམ་མཁའ་བཻཌཱུརྻའི་མདོག་འདྲ་བའི་