R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༡༥
[A:༡༡༥]ངང་ལ་ཞག་མང་པོའི་བར་བསྡད། དེ་རྗེས་འཇའ་དང་མེ་ཏོག་གི་ཆར་དཔག་ཏུ་མེད་པ་འབབ་པ་དང༌། གདུང་ཁང་ལ་སའི་བརྒྱ་བྱིན་ཆེན་པོ་སྐྱིད་ཤོད་ནས་ཞབས་དྲུང་གིས་གདུང་མཇལ་མ་རན་བར་བཀའ་ཤོག་མཛད་ནས་བཞུགས་ཞག་འགའ་གསོལ་འདེབས་དང་མཆོད་འབུལ་བསམ་གྱིས་མི་ཁྱབ་པ་བྱས་ནས་བཞུགས། དེའི་དུས་གདུལ་བྱ་འགའ་ཞིག་གི་རྨི་ལམ་དུ་རས་པ་འདྲ་བའི་ཆས་བཟང་པོ་སྤྲས་པ་མང་པོ་དང༌། བུད་མེད་རྒྱན་གྱིས་བརྒྱན་པ་མང་པོས། དར་གྱི་མདོ་ལི་ལ་འོད་ཆེན་པོ་ཞིག་ནམ་མཁའི་མཐོངས་ལ་སྤྱན་དྲངས་འགྲོ་ཡི་འདུག་པ་དང༌། དེའི་ཟླར་གཞན་དུད་འགྲོ་ལ་སོགས་པའི་སེམས་ཅན་ཤིན་ཏུ་མང་བ་འགྲོ་ཡི་འདུག་པ་དང༌། ཡང་ཁ་ཅིག་ལ་བུད་མེད་མང་པོས་གདུང་ཁང་ནས་ཆས་ཀ་ཁྱེར་ནས་འགྲོ་ཡི་འདུག་པ་དང༌། ཆོས་རྗེ་དབོན་པོ་བས་ཁྱེད་ཚོས་འདི་ནས་རྐུན་མ་བསྐྱལ་ཟེར་ཞལ་བ་བྱེད་པ་རྨིས་པ་དང༌། ཉམས་ཆེ་བའི་མི་རྣམས་བླ་མ་དེ་ལ་འདི་ཙམ་རེ་ཡང་རེ་སྟེ་བྱུང་ཡང་བྱུང་ཟེར། ད་འདིའི་གདུང་ཁང་ཞལ་མ་ཕྱེ་ན། མཁའ་འགྲོས་སྤྱན་འདྲེན་པའི་རྟགས་ཡིན་ཟེར། སྐྱིད་ཤོད་ཞབས་དྲུང་ནས་མི་སྣ་ཞུས། ནང་སོ་སྒང་རྒྱུད་ནས་གནང༌། གོང་གི་རྟགས་དེ་དག་དང་མཐུན་པར་གདུང་གསུམ་གཅིག་ལས་མི་འདུག་པ་དང༌། དབུ་བུམ་རིལ་བྱོན། གཞན་ཕྲན་བུ་མ་གཏོགས་གདུང་ལོག་དཀར་པོ་ཤེལ་འདྲ་བའི་ཁྲོད་ན། རིང་བསྲེལ་དང༌། གདུང་ལོག་ལ་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་སྐུ། དུང་གཡས་འཁྱིལ། ཨ་དང༌། ཡང་དུ་བའི་འཇའ་རིས་ལ་འཇིགས་བྱེད་ཀྱི་སྐུ་དང༌། ཕྱག་གི་སྐུ་རུས་ཞིག་ལ་སྒྲོལ་མ་དང༌། ཚེམས་ལ་རྣམ་རྒྱལ་མཆོད་