R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༡༡༨
[A:༡༡༨]པའི་གདུང་རབས་བརྗོད་དང་གསུངས་པས། ཐོར་བུ་ཞིག་བརྗོད་པས་ས་སྐྱ་པ་ལ་བཅོས་མེད་ཀྱི་དད་པ་སྐྱེས། ཁོང་ལ་ཕྱག་མཆོད་བྱས། ཡོངས་ཞབས་ཀྱི་རྒྱུས་སྟོན་པའི་མི་བཟང་གཅིག་བཏང་བྱུང༌། དེ་དང་བསྡོངས་ནས་བྱོན། རྒྱལ་པོ་ཆེ་ཆུང་བཞིས་གཙོས་པའི་བླ་མ་ཐོབ། རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཐུགས་རྗེ་ལ་བརྟེན་པའི་རྒྱུ་དཔག་ཏུ་མེད་པ་རྙེད། སྔ་སོར་གྱི་བཀའ་རྣམས་མ་གོ་བ་ལ་དོགས་པ་ཅུང་ཟད་སྐྱེས། ཁོང་དཔོན་སློབ་བློ་འགྱུར་བཀའ་བཞིན་ཁྱི་ལོ་ཟླ་བ་བཅུ་གཅིག་པ་ནས་ལམ་དུ་ཞུགས། སྒར་པ་ཉུང་བསྡུས་ཤིག་བྱུང༌། དཀོན་ཅོག་གསུམ་གྱི་ངོ་བོ་རྗེ་བཙུན་ཉིད་རང་ཅིག་གསུངས་དང་དུ་བླངས། འབྲལ་མེད་སྤྱི་བོར་སྒོམ། གསོལ་བ་འབྲལ་མེད་བཏབ། སྐྱིད་སྡུག་ལེགས་ཉེས་གང་ཡོང་ཁྱེད་རང་མཁྱེན་བསམ་ཡོངས་པས་དགྲ་ཇག་རྐུན་གསུམ་གྱི་ཉེས་སྐྱོན་མེད་པར་ཕག་ལོ་ཟླ་བ་བཅུ་པ་ལ་ལོ་དགོན་པར་འབྱོར། ཁོང་དཔོན་སློབ་སེམས་འཕམ་པ་དང་སྡུག་པ་གོང་དུ་བདག་ལྟ་བུར་གྱུར་ཀྱང་སེམས་སྡུག་པས་ལུས་འཆི་མི་ཐུབ་འདུག་པས་བདག་གཞིས་བྱེས་མཇལ། སེམས་སྡུག་པ་ལ་ཚད་མེད་ཀྱང་ཁོང་དཔོན་སློབ་བྱོན་པས་སེམས་ཤིན་ཏུ་དགའ་སྟེ། ཁོང་དཔོན་སློབ་ལ་སེམས་སོ་གཏོད་བློ་བྱས། གསེར་དངུལ་ལ་སོགས་པ་རྒྱུའི་སྡུག་བསྔལ་ལས་གྲོལ། ལོ་དུས་ལྷག་ཙམ་ལ་དངུལ་གདུང་རིན་པོ་ཆེ་ཤིན་ཏུ་ངོ་མཚར་བ་གེགས་མེད་རབ་གནས་དང་བཅས་པ་གྲུབ་བོ། །དད་ཅན་རྣམས་ཀྱིས་ད་ལྟ་མཆོད་པའི་གནས་སུ་ལོ་དགོན་པའི་མཆོད་ཁང་ན་འབྲོམ་སྟོན་པའི་དངུལ་གདུང་དང་ལྷན་ཅིག་བཞུགས། སྐུ་གདུང་ལྷག་མ་འགའ་ཞིག་ལ་གདུང་ཚ་ཤིན་ཏུ་མང་པོ་ཡོད་པ་རྣམས་གསེར་དངུལ་ལ་སོགས་པ་གསོལ་ནས་ཕྱོགས་བཅུའི་བུ་སློབ་དད་ལྡན་རྣམས་ཀྱི་མཆོད་པའི་རྟེན་དུ་ཕུལ་ལོ། །ཇི་སྐད་དུ། དད་གུས་གདུང་ཤུགས་ལྡན་པའི་ཚོགས་