R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༦
[A:༣༦]དུ་སྡུད་པ་ཚོགས་བདག་བགེགས་ཀྱི་རྒྱལ་པོའི་ཆོས་སྐོར་ཐོབ་པ་ལ། དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་སུ་གནང་བ་ཐུན་མོང་དང༌། ཁྱད་པར་གྱི་རྗེས་གནང་ཟབ་མོ། །ཡིག་ཆའི་སྐོར་ཤིན་ཏུ་ཚང་བ། ཞར་ལ་བྱུང་བའི་ཇོ་བོ་ནས་བརྒྱུད་པའི་ཚོགས་བདག་དཀར་པོ་ཕྱག་དྲུག་པའི་ཡིག་ཆའི་ལུང༌། གསུམ་པ་ཁམས་གསུམ་དབང་སྡུད་འདོད་པའི་རྒྱལ་པོ་ཀག་ཆོལ་མའི་ཆོས་སྐོར་ཐོབ་པ་ལ། ཐོག་མར་རྗེས་སུ་གནང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དེ་དག་གི་ཡིག་ཆའི་ལུང༌། སྒྲོལ་མ་དམར་མོའི་དབང་སྡུད། བླ་མ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་དུ་གྲགས་པའི་དམར་ཆུང་མ་སྐོར་གསུམ་ལ། གཉན་ལོ་ཙཱ་བས་པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་སྙིང་གི་གསེར་ཐག་ཅན་དུ་གྲགས་པ་དང༌། རྗེས་གནང་ལུང་སོགས། དབང་གི་ལྷ་མོ་ཏི་ནུ་མའི་རྗེས་གནང་ལུང་སོགས། ནོར་རྒྱུན་མ་དམར་པོའི་རྗེས་གནང་ལུང་སོགས། ཛམྦྷ་ལ་དམར་པོའི་སྲོག་སྒྲུབ། ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་རྣམས་ཀྱི་རྗེས་གནང་ལུང་སོགས། རྣལ་འབྱོར་རྒྱུད་ཅུང་ཟད་ཐོས་པ་ལ། བཅོམ་ལྡན་འདས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལུང༌། ཕྱག་རྡོར་ཨུ་ཙ། རྣམ་རྒྱལ་འཇོམས། སྨེ་བརྩེགས་དུད་ཁ་སོགས་ཀྱི་རྗེས་གནང༌། ཡང་གྲུབ་ཆེན་མི་ཏྲ་ཡོ་གའི་ཐུགས་ཀྱི་བཅུད། འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་ཞིག་ཐོས་པ་ལས། སྙིང་པོ་དོན་གསུམ་དུ་གྲགས་པ། འཕགས་པ་ཐུགས་རྗེ་ཆེན་པོའི་འཁྲིད་བོད་འདིར་བཀའ་སྲོལ་མི་གཅིག་པ་བཞི་ཙམ་བྱོན་པའི་ནང་ནས་ཆེས་ཟབ་པ་དམར་འཁྲིད་ཚེམ་བུ་ལུགས་ཀྱི་འཁྲིད། རྒྱལ་