[A:༤༠]ཡལ་སོང༌། བདེ་མཆོག་སྙན་བརྒྱུད་ཀྱི་ལུང་སོགས་ཤིན་ཏུ་ཆ་ཚང་བ། མ་ལས་བུ་དགའི་ཆོས་གཉིས་དང་བཅས་པ་ཐོབ། རྗེ་བཙུན་རས་ཆུང་པ་ནས་བརྒྱུད་པའི་ཕྱག་ན་རྡོ་རྗེའི་ཆོས་སྐོར་ཐོབ་པ་ལ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། རིག་པ་རྩལ་གྱི་དབང་གིས་སྨིན་པར་བྱས་ནས། སྤྲུལ་སྐུ་ཐུགས་འཕྲད་ཀྱི་འཁྲིད། རྒྱུད་ནས་བཟུང་སྟེ་ཡིག་ཆའི་ལུང་ཤིན་ཏུ་ཆ་ཚང་བ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་སྐོར་ཐོབ་པ་ལ། སྨིན་བྱེད་དབང་གི་སྐོར་ལ། ཕྱི་སྒྲུབ་ལྷ་སྟོང་དང་ལྔ་ལ་བརྟེན་ནས་སྒྲུབ་པ། ནང་སྒྲུབ་ལྷ་སུམ་ཅུ་སོ་གསུམ། གསང་སྒྲུབ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ། ཡང་གསང་ལྷ་གཅིག་བུམ་གཅིག་གི་ཚེ་དབང་རྣམས་ཐོབ། དེ་རྣམས་ཀྱི་བརྒྱུད་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད། འཁྲིད་ཀྱང་ཉམས་འཁྲིད་དུ་བསྐྱངས་ཤིང༌། ཡིག་ཆའི་ལུང་བརྒྱུད་ནས་བཟུང་སྟེ་ཤིན་ཏུ་ཆ་ཚང་བ་ཐོབ། ཟབ་ཡངས་རྒྱུད་སྡེའི་དོན་རྣམས་གཅིག་བསྡུས་ཏེ། །མ་ལུས་འགྲོ་བའི་དོན་དུ་བདག་སོགས་ལ། །སྩལ་ནས་ཐུབ་བསྟན་རྒྱས་ཕྱིར་བསྔོ་བར་མཛད། །བསམས་ཤིང་བཀའ་དྲིན་དྲན་ནོ་ཐུགས་རྗེས་སྐྱོངས། །དེ་ནས་དབུས་ཕྱོགས་སུ་ཕེབས། རྩ་བརྒྱུད་བླ་མ་ཀུན་གྱི་ངོ་བོ་ཉིད། །དུས་གསུམ་སངས་རྒྱས་ཀུན་གྱི་རྣམ་སྤྲུལ་མཆོག །ཐེག་གསུམ་དགེ་འདུན་ཀུན་གྱི་གཙུག་རྒྱན་མཆོག །ཁམས་གསུམ་སེམས་ཅན་འདྲེན་མཆོག་ཁྱེད་ལ་འདུད། །ཅེས་པའི་བསྟོད་ཡུལ་སྤྱན་མངའ་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་དྲུང་དུ། ལམ་འབྲས་བུ་དང་བཅས་པའི་འཆག་མེད་རྣམས་དང༌། བློ་སྦྱོང་སྐོར། སྒྲོལ་དཀར་ཚེ་འཁྲིད། མི་གཡོ་བའི་