R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༣༩
[A:༣༩]སྡེ་ལྔ་ཆེན་མོའི་དབང༌། དཔལ་འཁོར་ལོ་བདེ་མཆོག་གི་ཡབ་བཀའ་ལྔ། ཡུམ་བཀའ་ལྔ། གཏུམ་མོའི་མེ་དབང་རྒྱས་པ་རྣམས་ཀྱིས་སྨིན་བྱེད་སྔོན་དུ་ཐོབ་ནས། གྲོལ་བྱེད་ཀྱི་ལམ་ཉམས་སུ་ལེན་པ་ལ། དཔལ་འཁོར་ལོ་བདེ་མཆོག་རྩ་རྒྱུད་དང་བཤད་རྒྱུད་ངོས་བཟུང་བའི་གསུང་བགྲོས་དཀྱུས་ལ་ཡོད་པ། དེ་རྣམས་ཀྱི་དོན་མན་ངག་ཏུ་བསྒྲིལ་ནས་ཉམས་སུ་ལེན་ཚུལ། རྡོ་རྗེ་འཆང་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གསུངས་པའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། དེའི་འགྲེལ་པ་ཏེ་ལོའི་གཞུང་ཆུང་སོགས། དེ་རྣམས་ཉམས་སུ་ལེན་པ་ལ་ནོར་བུ་སྐོར་གསུམ་ཞེས་བྱ་སྟེ། ཕྱི་བཤད་པ་སྤྲུལ་པ་སྐུའི་གདམས་པ་ལ་བསྟེན་ནས་བརྒྱུད་པ་ཡིད་བཞིན་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་སྐུའི་གདམས་པ་ལ་བརྟེན་ནས་སྨིན་ལམ་ཡིད་བཞིན་ནོར་བུ། གསང་བ་ཆོས་ཀྱི་སྐུའི་གདམས་པ་ལ་བརྟེན་ནས་གྲོལ་ལམ་ཡིད་བཞིན་གྱི་ནོར་བུའོ། །དང་པོ་ལ་བཞི་སྟེ། བརྒྱུད་པའི་བཀའ་མ་ཆད་པ་ལས་བྱུང་བའི་བླ་མ་བརྒྱུད་པའི་རྣམ་ཐར། བརྒྱུད་པའི་བྱིན་རླབས་ལས་བྱུང་བ་ལུས་མེད་མཁའ་འགྲོའི་ཆོས་སྐོར། བརྒྱུད་པའི་འཕྲིན་ལས་བྱུང་བའི་དོ་ཧ་བརྒྱད། བརྒྱུད་པའི་ཞོར་ལ་བྱུང་བའི་ཆོས་སྐོར་སོགས་ཡོངས་སུ་རྫོགས་པ། འཁྲིད་རྣམས་ཀྱང་ཉམས་འཁྲིད་དུ་སྒོམ་ཞིང༌། དབང་རྣམས་ལ་ཚོགས་འཁོར་རྒྱ་ཆེ་བ་དང༌། རྟེན་འབྲེལ་མ་འཕྱུགས་པའི་འབུལ་བ་རྒྱ་ཆེ་བ་བཤམས། ནང་མཆོད་རྫ་མ་གཅིག་གི་ཞག་མང་པོའི་བར་དུ་བཙགས་ཚད་ཆང་མཆོག་ཏུ་བཟང་བ་བྱུང༌། དབོན་པོ་བློ་གསལ་གྱིས་འདི་བཙགས་ཚད་ཆང་དུ་ཡོང་གི་འདུག་བྱས་པས་