[A:༤༡]རྗེས་གནང་ལྷ་འཁྲིད་ཆོས་དྲུག་སོགས། གནས་བརྟན་ཆེན་པོ་བཅུ་དྲུག་གི་རྗེས་གནང་སོགས། བཀའ་གདམས་ལྷ་བཞིའི་རྗེས་གནང་སོགས་བཀའ་གདམས་སྐོར། མགོན་པོ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ། བླ་མ་མགོན་པོ་དབྱེར་མེད། མགོན་དཀར་ཡིད་བཞིན་ནོར་བུ་སོགས་མགོན་པོའི་བཀའ་ཉི་ཤུ་རྩ་འདྲེན་ལུང་དང་བཅས་པ། བེ་བུམ་ནག་པོ། །མགོན་པོ་གྲི་གུག །ནམ་མཁའི་གོས་ཅན་རྣམས་ཀྱི་རྗེས་གནང་ལུང་སོགས། གཞན་ཡང་ཤིན་ཏུ་མང་བ་གསན་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས། ཆོས་རྗེའི་དྲུང་གིས་རྗེས་སུ་ལོ་སྡེ་དགོན་འདི་ལ་ཕན་པའི་དུས་གཅིག་ཡོད་པ་མཛོད་ཅིག་གསུང༌། གཟིམས་གཡོག་མཛད་དགོས་གསུང་བ་ལ་བཀའ་ལྕོག་མ་བདེ་བར་ལོ་ཤས་ཞལ་བདག་མཛད། སྤྱན་སྔ་རིན་པོ་ཆེ་ནས་བརྒྱུད་པའི་ནི་གུ་ཆོས་དྲུག་ཆ་ལག་ཡོངས་སུ་རྫོགས་པར་རྗེ་དེ་ཉིད་ཀྱི་བུ་ཆེན་རྣམ་རྒྱལ་དབང་པོ་ཞེས་གྲུབ་མཆོག་དམ་པ་དེ་ལ་ཞུས་ཏེ། ངེད་དཔོན་སློབ་ཕར་གསན་ཚུར་གསན་ཡིན། སྤྱན་སྔ་རིན་པོ་ཆེ་དགུང་ལོ་ཤིན་ཏུ་སྨིན་པར་བཞུགས་པ་ལ། ནི་གུ་དང་མགོན་པོ་གནང་དགོས་ཞུས་པས། ད་ན་སོ་རྒས་པས་དཀའ་ལས་འདུག །གཞན་ཁྱེད་བསྟན་པ་དང་སེམས་ཅན་ལ་ཕན་པའི་དགེ་བའི་བཤེས་གཉེན་འདི་པ་ལ་ཤིན་ཏུ་མཛད་སྤྲོ་གསུང༌། དཔལ་ས་སྐྱ་པའི་མགོན་པོ་འདི་ལ་ཟབ་རྒྱས་དཔག་ཏུ་མེད་པ་ཡོད་འདུག་སྟེ། ཐུན་མོང་བ་ཙམ་ལས་མ་ཐོབ། དང་པོ་རིན་པོ་ཆེ་ཚར་ཆེན་མཚོ་ཁར་ཕེབས་དུས་ངེད་ལ་ཆོས་དགོས་གསུང༌། ངེད་ཀྱིས་ཕྲན་བུ་ཕུལ། འདི་སྐོར་ཞུ་དགོས་པ་ཡོད་དེ་