[A:༤༦]དོན་དུ་མའི་གཏེར་མཛོད་སྟག་ལུང་རིན་པོ་ཆེ་ཀུན་དགའ་བཀྲ་ཤིས། བྱང་ཆུབ་སེམས་དཔའ་ཆེན་པོ་རྒྱལ་ཚབ་སྤྲུལ་པའི་སྐུ། དེ་ཉིད་ལ་ཆོས་འབྲེལ་ཡོད་ཙམ། མཁས་པའི་མཁས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་གཉིས། རྒྱུད་སྡེ་རྒྱ་མཚོའི་ནང་དོན་རིག་པ་གཞོན་ནུ་བློ་གྲོས། རྗེ་རྡོ་རྗེ་འཆང་ཆེན་པོའི་རུས་ཀྱི་དབོན་པོ་སངས་རྒྱས་སེང་གེ་བ། ཡང་སྣག་དབོན་དཀོན་ཅོག་དཔལ་ལྡན་པ་ལ་ཆོས་འབྲེལ་ཡོད་ཙམ། བཙུན་པའི་མཆོག་གྱུར་བཀྲ་ཤིས་རིན་ཅེན་པ། ངག་དབང་ཆོས་གྲགས་རྒྱལ་མཚན་གྱི་ཐུགས་སྲས་དམ་པ་རྣམ་རྒྱལ་དབང་པོ། །པདྨས་ལུང་བསྟན་བརྙེས་པའི་སྤྲུལ་པའི་སྐུ་ཞིག་པོ་གླིང་པ། ཉམས་དང་རྟོགས་པའི་བདག་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བྱམས་པ་བསྟན་པ་རབ་རྒྱས། ཞི་བྱེད་གདམས་པའི་མངའ་བདག་མཚུངས་མེད་རྒྱལ་བའི་དབང་པོ། །སྡེ་སྣོད་གསུམ་གྱི་མངའ་བདག་དཀོན་ཅོག་རྒྱ་མཚོ་བ་སྟེ། མདོར་ན་ཡོངས་འཛིན་དམ་པ་ཉེར་གཅིག་ལ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་དེ། གཙོ་བོར་ནི་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལས་བརྒྱུད་པའི་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཐུགས་བཅུད་ཀྱིས་གཙོ་བྱས་པའི་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་མཐའ་དག །འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཇི་སྙེད་པ། ཁྱད་པར་གྲུབ་ཆེན་ནཱ་རོ་དང་མཻ་ཏྲིའི་ཐུགས་བཅུད་རྗེ་མར་པས་བོད་ཡུལ་དུ་སྤྱན་དྲངས་པའི་ཆོས་སྐོར། རྗེ་བཙུན་རས་ཆུང་པས་སྤྱན་དྲངས་པའི་སྐོར། མཁས་གྲུབ་ཆེན་པོ་ཤངས་པ་གདུ་གུ་པ་ཁྱུང་པོ་རྣལ་འབྱོར་དུ་གྲགས་པས་བོད་ཡུལ་དུ་སྤྱན་དྲངས་པའི་ཤངས་པ་བཀའ་རྒྱུད་ཀྱི་ཆོས་སྐོར། གཉན་ལོ་སོགས་ནས་བརྒྱུད་པའི་གསང་འདུས་སྐོར། རྭ་སྐྱོ་ཞང་