R174: རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དད་བའི་སྤུ་ལོང་རབ་ཏུ་གཡོ་བ།

  • Pagination (Witness A): ༧༦
[A:༧༦]བ་ཞིག་བྱུང་སྟེ། དེར་ཡོད་བའི་མི་རྣམས་འཇིགས་ཏེ་ཧ་ལས་པ། རིང་པོར་མ་ལོན་པར་བསྟན་བཤིག་ཅིག་ཡོད་པ་དེ་མྱུར་དུ་ཤི །དེ་ནས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་མཇལ་བ་ལ་ཕེབས། རང་ལ་ཡོད་པའི་ཟང་ཟིང་གི་དངོས་པོ་རྣམས་ཀྱང་ཕུལ། བཀའ་ཆོས་འདྲ་ཡང་ཞུས། རྗེའི་ཞལ་ནས་ང་ལ་ཡང་དགྲ་འདྲ་ཡོད་པས་འདུལ་དགོས་པ་ཡོད་གསུང༌། ང་ན་སོ་རྒས་པས་མི་ཡོང་འདུག་པས་ངའི་དགྲ་ཁྱེད་སློབ་མ་རྣམས་ཀྱིས་འདུལ་དགོས་གསུང༌། ཨ་ཅང་དགྲ་ཚན་ཆེ་ཤོས་འཁོར་བར་སྐྱུར་མཁན་དུག་ལྔ་ཡིན་པས་འདི་འདུལ་བ་ཡིན་མོད་གསུང༌། ཡང་དུག་ལྔ་མེད་པ་བྱས་ན་ཡེ་ཤེས་ལྔའི་རྒྱུ་མི་ཡོང་འདུག་པས། དེ་ཡང་མི་ཡོང་འདུག་གསུང༌། བདག་ལ་ད་ཆོས་རྗེའི་དྲུང་དབུས་ཕྱོགས་ལ་བྱོན། དབུས་སུ་དགོན་པ་ཆེ་ཆུང་གང་བྱུང་ཀྱང་ཞལ་བདག་མཛོད་གསུང༌། དམ་ཚིག་དྲིལ་བུ་ཡང་འདི་ཁྲོལ་བ་རེ་མཛོད། གདུལ་བྱ་མང་པོ་ཡོང། སུན་པ་ཙམ་ཡོད་གསུང་སྟེ་རྗེས་སུ་ཇི་ལྟར་གསུང་བ་བཞིན་བྱུང༌། རྨི་ལམ་ལ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ན་བཟའ་སོགས་ཤིན་ཏུ་བཟང་བ་དང༌། སྐུ་ལ་འོད་འཕྲོ་བ་དང་བཅས་ཕྱོགས་ཤིག་ལ་ཐེགས་སོང་བ་དང༌། རྗེའི་དྲུང་ལ་ལྟོས་པ་ཐམས་ཅད་ཀྱང་ངས་རྗེས་སུ་འཛིན་ནོ་གསུང༌། སྤྱན་ཅེར་བ་ཞིག་གཟིགས་པ་རྨི། དེ་ནས་རིང་པོར་མ་ལོན་པར་ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཟེར་བའི་སྐད་ཆ་བྱུང་བར། ཡུད་ཅིག་འདི་བྱ་དང་འདི་བྱེད་མེད་པའི་ངང་ལ་འདི་རྨི་ལམ་ཡིན་ལས་ཆེ་བསམ་པ་དང༌། དེ་ལས་སད་དེ་ཀྱེ་མ་ཀྱི་ཧུད་ཤིན་ཏུ་འཇིགས་སུ་རུང་བའི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་དེད་དཔོན་ཆེན་པོ་ལན་ཅིག་རྙེད་པ་དེ་ཉིད་རྨི་ལམ་སྒྱུ་མ་བཞིན་དུ་