R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༣༤
[A:༡༣༤]གྲགས་པ་ཕལ་མོ་ཆེ་གསན། གསང་སྔགས་རྙིང་མའི་ཞི་ཁྲོ་སྒྱུ་འཕྲུལ་སོགས་བཀའ་མར་གྲགས་པ་དུ་མ་དང༌། ཉང༌། ཆོས་དབང༌། རྒོད་ལྡེམ། རཏྣ། པད་གླིང་པ་སོགས་གཏེར་ཁ་གསར་རྙིང་གི་སྒྲུབ་དབང་དུ་མ་དང༌། གཞན་ཡང་དབང་འཁྲིད་བྱིན་རླབས་རྗེས་གནང་གཏད་རྒྱ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསན། གཞན་ཡང་གྲུབ་པའི་སློབ་དཔོན་ནག་པོ་སྤྱོད་པའི་སྐུ་སྐྱེ་བ་བཅུ་གཅིག་པར་གྲགས་པ་གློ་ཆེན་ཀུན་དགའ་གྲོལ་མཆོག །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཁས་གྲུབ་ཆེན་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེ་ཉིད་ཀྱི་ཆོས་ཀྱི་རྒྱལ་ཚབ་དམ་པ་རྗེ་བཙུན་སངས་རྒྱས་སེང་གེ །རྡོ་རྗེ་འཆང་ཨཱ་ནནྡ་བྷ་དྲའི་ཞབས་འདེགས་སེང་གེའི་ཁྲི་ལ་གདན་ཆགས་པ་དཀོན་ཅོག་དཔལ་ལྡན། གྲུབ་པའི་དབང་པོ་བསྟན་འཛིན་ཉི་ཟླ་བཟང་པོ། བུ་སྟོན་ཆོས་རྗེའི་བསྟན་པའི་སྲོག་ཤིང་དམ་པ་མཁས་ཤིང་གྲུབ་པའི་བདག་ཉིད་འཇམ་དབྱངས་བཀྲ་ཤིས་རྒྱལ་མཚན། མཁས་མཆོག་དམ་པ་རྫོང་དཀར་བ་ཤེས་རབ་རྒྱལ་མཚན། གྲུབ་པའི་དབང་ཕྱུག་པཎ་ཆེན་ལྷ་དབང་བློ་གྲོས། དེའི་རྒྱལ་ཚབ་མདོ་སྔགས་བསྟན་པའི་མངའ་བདག་ཆོས་རྗེ་བློ་གྲོས་ཆོས་འཕགས། སྡིངས་མ་མཁན་པོ་ལེགས་ལྡན་པ། སྡིངས་མ་དྲུང་པ་འགའ་ཚེ་བ། ཆོས་ལུང་མཁན་ཆེན་བསོད་ནམས་དབང་པོ། སྤྲུལ་སྐུ་བདུད་འཇོམས་རྡོ་རྗེའི་གདུང་གི་ཐིག་ལེ་རྒྱལ་བའི་སྲས་པོ། སྤྲུལ་སྐུ་པདྨ་གླིང་པའི་དངོས་སློབ་བྱམས་ཆེན་པ་ཆོས་བཟང་བཀྲ་ཤིས། པད་གླིང་པའི་དངོས་སློབ་རྫོགས་ཆེན་ཤཱཀྱ་བ། རྡོ་རྗེ་ཕག་མོའི་རྣམ་སྤྲུལ་དུ་བྱེད་པ་ཨྱོན་འཚོ་མོ། །བོ་དོང་ཕྱོགས་ལས་