[A:༡༣༣]འཁྲིད་མཁའ་འགྲོའི་སྙན་བརྒྱུད་གཙོ་བོར་གྱུར་པའི་འཁྲིད་ཚུལ་འགའ་ཞིག་རྒྱུད་དང་རྒྱ་གཞུང་མང་པོ། བོད་ཀྱི་རྭ་རྒྱ་ལྡོང་གསུམ་དཔལ་འཛིན་དང་བཅས་པའི་མན་ངག་ཟབ་བསྡུས་ཀྱི་གླེགས་བམ་དུ་མའི་ལུང༌། དེའི་བཀའ་སྲུང་ཆོས་ཀྱི་རྒྱལ་པོའི་རྗེས་གནང་དུ་མ་དང་ཡི་གེ་མང་པོའི་ལུང༌། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་དབང༌། རྗེས་གནང༌། འཁྲིད་མན་ངག་པོ་ཏི་རྣམས་ཀྱི་ལུང་ཕྱག་འཁྲིད་ཞལ་ཤེས་དང་བཅས་པ་ལམ་ཡོངས་སུ་རྫོགས་པ། སྟོབས་འཕྲོག་དབང་པོ་ཞལ་བཞི་པ་བརྒྱུད་པའི་བཀའ་བབས་སོ་སོ་ལས་འོངས་པའི་རྗེས་གནང་འཁྲིད་ཡིག་མང་པོའི་ལུང་ཞལ་ཤེས་ཕྱག་འཁྲིད་སོགས་མཐའ་དག་ཡོངས་སུ་རྫོགས་པ། དཔལ་ལྡན་ས་སྐྱ་པའི་གསེར་ཆོས་དམར་པོ་སྐོར་གསུམ་གྱི་དབང་རྗེས་གནང་ཡི་གེ་ཟབ་རྒྱས་མང་པོའི་ལུང༌། རྗེ་བཙུན་དམར་མོ་སྐོར་གསུམ། ཞར་བྱུང་དམར་ཆུང་སྐོར་གསུམ་གྱི་བྱིན་རླབས་སོགས་ཆ་ཚང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་མང་པོ་དང་ཡིག་སྐོར་དུ་མ་ཕྱོགས་གཅིག་ཏུ་བསྒྲིལ་བའི་པོ་ཏིའི་ལུང༌། གཞན་ཡང་མཁས་གྲུབ་ཆེན་པོ་ཤངས་པ་དུ་གུ་བའི་གསེར་ཆོས་ཆེན་པོ་ལྔའི་དབང་ལུང་འཁྲིད་བྱིན་རླབས་རྒྱབ་བརྟེན་གྱི་ཡི་གེ་མང་པོའི་ལུང༌། བཀའ་སྲུང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་མན་ངག་སོགས་ཤངས་ཆོས་སུ་གྲགས་པ་ཡོངས་སུ་རྫོགས་པ། སྤྱིའི་བཀའ་རྡོ་རྗེ་འཕྲེང་བ། ཀྲྀ་ཡ་ས་མུཉྩའི་དཀྱིལ་འཁོར་གསུམ་དང་བཅས་པ། སྦྱོང་དཀྱིལ་བཅུ་གཉིས། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས། རྗེས་གནང་ཟུར་བཀའ་རབ་ཏུ་མང་བ་སོགས་གསང་སྔགས་གསར་མར་