R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༣༦
[A:༡༣༦]ལ་ནུས། གཙོ་ཆེ་བའི་རགས་པ་ཙམ་བརྗོད་ན། ལམ་ཟབ་ཕྱི་ནང་སྔོན་དུ་གནང་བའི་ལམ་བསྡུས་རྒྱས་པ་བཟླས་པ་དང་བཅས་པ་ཐུན་བཞི། བིར་བསྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀ །འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་མངོན་རྟོགས་བཟླས་པ་དང་བཅས་པ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བསྐྱེད་རྫོགས་བཟླས་པ་དང་བཅས་པ་དང༌། རྡོ་རྗེ་འཇིགས་བྱེད་རྭ་འཁྲིད་མཁའ་འགྲོའི་སྙན་བརྒྱུད་དང་འབྲེལ་བའི་དཔའ་བོ་གཅིག་པའི་མངོན་རྟཽགས་བཟླས་པ་དང་བཅས་པ་དང༌། པདྨ་གླིང་པའི་དྲག་པོ་ཕྱི་ནང་གསང་གསུམ། མངོན་རྟོགས་རྒྱས་པ་བཟླས་པ་དང་བཅས་ཐུན་གཉིས། བྱང་གཏེར་གུ་རུ་མཐིང་ཁ། བྱང་གཏེར་གྱི་ཚེ་སྒྲུབ་ལྕགས་རྫོང་མ་དང༌། པད་གླིང་པའི་ཚེ་དཔག་མེད་རྡོ་རྗེ་འཕྲེང་བ་གཉིས་ཀྱི་སྒོམ་བཟླས། གུར་གྱི་མགོན་པོའི་ཕྱི་ནང་གི་འཁྲིད་དང་འབྲེལ་བའི་ཉམས་བཞེས་བཟླས་པ་དང་བཅས་པ། དཔལ་མགོན་གྱི་གསང་འཁྲིད་སྲུང་འཁོར་ཚེ་སྒྲུབ་དང་བཅས་པ་ཐུན་གཉིས། སྒྲོལ་དཀར་ཨུ་ཙ་གྲ་ལྔ་སོགས་འདོད་ལྷ་དུ་མའི་མངོན་རྟོགས་བཟླས་པ་དང་བཅས་པ། རྫོགས་པ་ཆེན་པོ་ཟང་ཐལ། སྦྱོར་དྲུག །གསང་འདུས་རིམ་ལྔ། ནི་གུ་སོགས་སྒོམ་ཐུན་དུ་མ། ཀྱེ་རྡོར་བདེ་མཆོག་ནཱ་རོ་མཁའ་སྤྱོད་འཇིགས་བྱེད་རྣམས་ཀྱི་གཏོར་འབུལ་སྔོན་དུ་འགྲོ་བའི་གུར་གྱི་མགོན་པོ་ལྕམ་དྲལ། སྟོབས་འཕྲོག་དབང་པོ་གདོང་བཞི་པ། ཡེ་ཤེས་མགོན་པོ་སྟག་ཞོན། རྣམ་སྲས་སེར་ཆེན། མདུང་དམར་ཅན། ལས་ཀྱི་གཤིན་རྗེ། རྡོ་རྗེ་རབ་བརྟན་མ། དམག་ཟོར་མ། ཐང་ལྷ། ཤམྦྷར་བ། མཁའ་འགྲོ་སྤྱི་གཏོར་དང༌། བཞི་བདག་གཏོར་