R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༣༧
[A:༡༣༧]བསྔོ་རྒྱས་པ་དང་བཅས་པ། སོ་སོའི་བསྐང་བཤགས། གཏོར་སྒྲུབ་རྣམས་ཐུན་གཉིས། བསིལ་གཏོར་བརྒྱ་རྩ་དཀར་ཆ་བཞི་ཛམ་སེར་ནག་གི་ཆུ་སྦྱིན་སོགས་སྤྲོས་བཅས་ཀྱི་རིམ་པ་དུ་མ་ཞིག་མཛད་ལ། དེ་ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་གི་མཉམ་རྗེས་དབྱེར་མེད་ཁོ་ནའི་ངང་ནས་མཛད་ཅིང༌། ཁྱད་པར་མཚན་མོའི་ཆ་ལ་སྐུ་ལུས་གནད་དང་བཅས་ནས་རིམ་གཉིས་ཟབ་མོས་དུས་འདའ་བར་བཞུགས་པ་ལས་མནལ་ཅུང་ཟད་ཙམ་ཡང་མཛད་པའི་སྐབས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལས་ནམ་ཡང་གཡོ་བ་མེད་པར་བཞུགས་པས་ཉིན་མཚན་དུས་འདའ། དེ་ནས་རྗེ་ཉིད་དགུང་ལོ་བཞི་བཅུ་ཞེ་བཞི་བཞེས་པའི་སྦྲུལ་ལོ་མཉན་ཡོད་བྱ་གཤོང་གི་ཆོས་གྲྭ་ཆེན་པོར་འདུལ་བ་འཛིན་པ་ཆེན་པོ་འཇམ་དབྱངས་སངས་རྒྱས་རྒྱལ་མཚན་གྱིས་མཁན་པོ་མཛད་དེ་མཁན་སློབ་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པར་མཛད་དེ། བཅས་དང་རང་བཞིན་གྱི་ཉེས་ལྟུང་ཕྲ་མོས་མ་གོས་པའི་གནས་བརྟན་ཆེན་པོར་གྱུར་པ་དེ་ཉིད་ལུང་དང་རྟོགས་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་གཏམས་པ་དང༌། འགྲོ་བ་ཀུན་གྱི་སྐྱབས་མགོན་གྱི་འོས་སུ་གྱུར་པ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་ཕྱུག་གཞན་སྣང་གཟུགས་ཀྱི་སྐུ་བསྡུས་པའི་ཚུལ་བསྟན་པས། དེ་ཉིད་ཀྱི་སྐུས་འདུལ་བར་མི་འོས་པའི་གདུལ་བྱའི་ལྷག་མ་རྣམས་སྐྱོང་བ་དང༌། སྔ་མོ་དཔལ་སྦུག་ཏུ་ཚར་ཆེན་རྡོ་རྗེ་འཆང་ལ་གསུང་ངག་རིན་པོ་ཆེ་གསན་པའི་སྐབས་སུ་ཡང༌། གསུང་ཆོས་ཞུ་བ་པོ་ཐམས་ཅད་ཚོགས་ཀྱང༌། རྗེ་འདི་ཕེབས་པ་ཅུང་འགོར་བ་བྱུང་ཚེ་ཚར་ཆེན་ཉིད་ཀྱི་