[A:༡༤༥]བཞུགས་ནས། དབང་བསྐུར་བའི་ཆོ་ག་མཛད་ཀྱིན་འདུག་པ་ལ། ཁོང་ཡབ་སྲས་ཀྱི་དབང་ཚིག་ཇི་ལྟ་བ་བཞིན་ཁྱེད་རྣམས་ལ་བཤད་པ་ཡིན་ཨང༌། དེ་འདྲའི་དགའ་བ་ལ་ཨང་གསུང༌། ཡང་ཐེངས་ཤིག་དཔལ་མགོན་ཞལ་བྲམ་གཟུགས་འདི་སྤྲིན་ཕུང་གཏིབས་པའི་དབུས་ན་བཞུགས་པ་ཞིག་གཟིགས་གསུང༌། ཡང་དུས་ཤིག་གི་ཚེ་གཟུངས་གྲ་ལྔའི་སྒྲུབ་མཆོད་མང་དུ་མཛད་པའི་བུམ་བསྐྱེད་ཀྱི་སྐབས་སུ་བུམ་ཆུ་ཁོལ་བའི་རྣམ་པས་ཁ་དང་མཆུ་གཉིས་ཀ་ནས་ཆུ་རྒྱུན་དཔག་ཏུ་མེད་པ་ཆིལ་ལི་ལི་བབས་པ་བྱུང་འདུག །སྐབས་ཤིག་བོ་དོང་གི་བླ་བྲང་གཟིམས་ཁང་སྟེང་ན་རྗེ་ཉིད་གཅིག་པུར་བཞུགས་པ་དེ་ཞལ་འཛུམ་འཛུམ་དབུ་གུག་གུག་མཛད་ཀྱིན་འདུག་པ་དེ་ཕྱག་ཕྱི་བ་ཞིག་གིས་མཐོང་ནས་མྱུར་བར་དྲུང་དུ་ཕྱིན་ཏེ། འདི་འདྲ་མཛད་ཀྱིན་གདའ་བ་ཅི་ལགས་ཞུས་པས། དམག་ཟོར་མས་དྲི་བ་འདྲ་བྱེད་ཀྱིན་འདུག་པས་ལན་བཏབ་པ་ཡིན་གསུང༌། ཡང་འོ་ཡུག་འགའ་ཚེར་རྣམ་སྲས་གླིང་ནས་ཀྱིས་གདན་དྲངས་ཏེ་བཞུགས་པའི་སྐབས་ཤིག །སྡེ་པ་དེ་ལ་གསུང་ལས་འམ་བུ་ན་ཡོང་པ་འདྲ་གསུང༌། ཅི་ལགས་ཞུས་པས། འམ་བུུ་ན་ཡོང་ན་ཙ་མུཎྜི་འདི་ཞལ་མདོག་ལེགས་པོ་མི་ཡོང་འདུག་པས། དེང་སང་ལེགས་པོ་མི་འདུག་གསུང་ཞིང་དེ་འཕྲལ་སྐུ་ཅུང་ཞིག་ལྟེམ་པ་བྱུང་འདུག །དེ་ལ་སོགས་ཏེ་ཆོས་སྐྱོང་མངོན་སུམ་དུ་གཟིགས་ཤིང༌། ལེགས་ཉེས་ཀྱི་ལུང་སྟོན་པ་དང༌། མདོར་ན་དག་པ་རབ་འབྱམས་ཀྱིས་དུས་འདའ་བའི་རྣམ་པར་ཐར་པ་ངོ་མཚར་ཅན་དུ་མ་བྱུང་འདུག་ནའང༌། རྗེ་ཉིད་ཀྱང་ཡོན་ཏན་སྦེད་པ་ཁོ་ན་གཙོར་