R176: རྗེ་བཙུན་སྡིངས་མ་བ་ཆེན་པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ།

  • Pagination (Witness A): ༡༢༧
[A:༡༢༧]དབང་ཕྱུག་ཆེན་པོ། རྡོ་རྗེ་ཆོས་སྐྱོང་བྲན་དུ་འཁོལ་བའི་མཐུ་སྟོབས་ཀྱི་མངའ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། །རིགས་ཐམས་ཅད་ཀྱི་བདག་པོ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། བདག་ཅག་གི་འདྲེན་པ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་བསླབ་གསུམ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྐུ་དྲིན་མཚུངས་པ་མ་མཆིས་པའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྟོགས་པ་བརྗོད་པའི་གཏམ། བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ་ཞེས་བྱ་བ། རྒྱལ་བའི་བགྲང་ཡས་རྣམ་པར་ཐར་པ་ནི། །ས་བཅུའི་སེམས་དཔས་བརྗོད་པར་མི་ནུས་ན། །བདག་ལྟའི་བླུན་པོས་བརྗོད་པར་ག་ལ་ནུས། །འོན་ཀྱང་དད་དང་གུས་པས་ཡིད་དྲངས་ཤིང༌། །རྩ་བརྒྱུད་བླ་མའི་རྟོགས་བརྗོད་ཁ་སྐོང་དུ། །ཉུང་ཟད་བརྗོད་ལའང་དགེ་ཚོགས་དཔག་མེད་ཅེས། །ཚུལ་འདིར་ཞུགས་ལ་བླ་མ་མཁའ་འགྲོ་ཡིས། །བདག་གི་ངག་ལ་སྤོབས་པ་མཆོག་སྩོལ་མཛོད། །དེ་ལ་བླ་མ་དམ་པ་འདི་ཉིད་ཞིང་འདིར་སྐུ་བལྟམས་