[A:༢༥༩]ཉིད་བྱང་ནས་ཞལ་ངོ་རགས་རིམ་གྱིས་སྤྱི་མཆོད་རང་ཚུགས་ཐུབ་ངེས་སུ་བཞག་འདུག་པ་དང༌། ལྷག་པར་འདར་ནས་ལ་བློ་གཏད་བཅོལ་ཆོས་ལུང་ལ་གཞུང་པ་རྣམས་ཀྱི་རྒྱུད་དངོས་གང་འདུག་བསྐྱས། བྱང་དཔུང་གདོང་དུ་དགོན་པར་དར་འཛུགས་དང་སྲུང་བ་ལ་ཡོང་དགོས་ཞུས་པས་སྤྱི་མཆོད་ཀྱི་ཕྱག་དམ་རྣམས་སྟོན་ལོང་མེད་པར་བཅོམ་པ་ལ་བློ་རྩེ་གཏད། ལྷག་པར་གྲོགས་བྱེད་པ་དང་བློ་གཏད་བཅོལ་བའི་འདར་ནས་ཀྱི་བློན་པོས་ཕྱི་མ་ནང་བྱས་ཏེ། དགོན་པའི་ཐད་ནས་གུས་བསུབ་ཐེས་མེད་པ་མི་སྔོན་དུ་མི་ཐེགས་པ་རང་ཡང་སྲོག་ཐར་བ་ལ་རྒྱ་ཆགས་པ་ཞིག་བྱུང་སྟེ། ཀུན་གྱིས་མཐོང་ཞིང་མྱོང་བ་དེ་ག་མ་གཏོགས་ཡི་གེར་བཀོད་པས་ཟག་པ་འཕེལ་བ་ལས་མི་འདུག་གོ །དེ་ཕྱོགས་ཀྱི་གནས་ཚུལ་ནི་དེ་ལྟར་དུ་མཆིས་སོ། །འཕྲང་བུ་བརྒྱུད་ནས་མང་མཁར་ཕུ་བསྐོར་ཏེ་ངེད་རང་འདར་དུ་སླེབ་ཙམ་བྱུང༌། དེ་ནས་གཞུང་ས་སྐྱ་སེར་ཚོའི་གསེབ་ནས་ངོ་ལོག་བྱེད་མི་ཡིན་ཟེར་བའི་མི་ཁ་ཡར་ཐང་རོར་བཏང༌། དེ་ལ་བརྟེན་པའི་བྱང་ལ་ཁོར་ཙམ་ཕྱིན་ལུགས་གཉིས་ཀྱི་ཁྲེལ་གཞུང་དམ་ཚིག་ཐམས་ཅད་རྒྱབ་ཏུ་བོར་བའི་དཔོན་ཞེན་པའི་ཞུ་བ་ལ། གོང་ནས་སྙན་གྲོལ་བའི་གཤིས་ཚུལ་ཕྲན་བུ་བྱུང་ཀྱང་བདེན་རྫུན་ནི་གོ་ངལ་བའི་རྒྱུ་ལས་མེད་སྙམ་མ་བྲིས། ཚུར་ལོག་འདར་དུ་རང་གི་བསམ་གཏན་ཁང་བུར་བསྡད། ཆོས་རྒྱལ་ཆེན་པོ་ལྷ་རྩེར་ཕེབས་པ་དང་མཇལ་ཕྲད་ལ་ཕྱིན། ལུགས་གཉིས་ཀྱི་གནང་སྐྱོང་ཕུལ་དུ་ཕྱིན་པ་གནང༌། འདོད་པའི་དོན་མ་ལུས་པ་སྩལ་བ་ཞིག་བྱུང་བ་ཡིན་ནོ། །དེའི་སྟོན་གཞུག་ཞིང་གཤེགས་རིན་པོ་ཆེ་དཔལ་བཟང་པོའི་ཕྱི་རྟེན་གྱི་ཞལ་བཀོད་