R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༦༠
[A:༢༦༠]དཔོན་ས་ཨ་མཛེས་རྒྱལ་མོས་གནང་བའི་རྨང་ལྡིང་བ་མཛད་པའི་འོག་ཏུ་འདི་ལྟ་བུ་བྱེད་དགོས་ཕེབས་པས། བསྟན་པ་རིན་པོ་ཆེ་སྤྱི་སྒོས་ལ་བསམ་པ་དང༌། ལྷག་པར་བོད་འབངས་སྤྱི་དང་སྦྱིན་པའི་བདག་པོའི་སྐུ་རིམ་ལ་དམིགས་ནས། འགོང་པོ་སྤུན་དགུ་དམ་སྲི་སྤུན་དགུ། བསེན་མོ་སྤུན་དགུ་སོགས་བོད་འབངས་ཕུང་བར་བྱེད་བའི་མི་མིན་ཐམས་ཅད་དུས་གཅིག་ཏུ་མནན་པའི་ཕྱིར། རི་ཁྲོད་དགོན་པ་ཉིད་དུ་སྒྲུབ་པ་ཞག་བདུན་བྱས། ཞག་བཞི་སོང་བའི་དགོངས་ཐུན་གྱི་དགུག་གཞུག་བྱས་པས། དེ་དག་ཀུན་གྱི་ངོ་བོར་གྱུར་པའི་ཕུག་རོན་གུུ་མ་ཞིག་ཁྲས་བདས་ཏེ་དེ་ཉིད་དུ་ལྷགས་བྱུང་བས་ཡང་ཡང་བསྟིམ་ནས་ཡིད་ཆེས་པར་བྱས། བསྙེན་པའི་སྒྲུབ་པའི་རྟགས་མངོན་སུམ་དུ་གྲུབ་སྟེ་གྲོལ་བ་དང༌། མནན་པའི་མཚམས་སུ་སླེབ་བྱུང་བས་རིམ་པས་དེ་ནུབ་སྐྱེད་མོས་ཚལ་དུ་ཕྱིན། དེ་ཉིན་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཚར་པ་ཆོས་རྗེའི་ཆོས་ཀྱི་ཁྲི་ལ་མཁས་བཙུན་ཡོངས་ཀྱི་གཙུག་རྒྱན་དཔལ་མང་དུ་ཐོས་པ་ཀླུ་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་མངོན་པར་མཐོ་བའི་ཁྲི་ལ་བཀོད་པ་གནང༌། དེ་ནུབ་དེ་རྣམས་ཀྱི་བར་ཆད་ཞི་ཕྱིར་དང་ལྷག་པར་བོད་ཀྱི་ཡུལ་གྲུ་ཐམས་ཅད་དང་སྦྱིན་པོས་གཙོས་པའི་ས་ཕྱོགས་འདི་ཉིད་དུ་ཆོས་དང་འཇིག་རྟེན་གྱི་དར་རྒྱས་འབྱོར་བ་ལ་བར་དུ་གཅོད་པ་ཐམས་ཅད་ལྷན་ཅིག་ཏུ་མནན་པས། ཆོས་བྱེད་ཀྱི་ཚུལ་རབ་འབྱམས་གནད་དུ་འགྲོ་བ་དང༌། འཇིག་རྟེན་པ་ཀུན་ཀྱང་རྫོགས་ལྡན་གྱི་བསྐལ་པ་ལྟར་བདེ་བར་རྒྱུ་བ་འདི་ཡིན་ནོ། །སང་སྔ་བར་བླ་བྲང་དུ་ཕྱག་འབུལ་དང་བསྟན་པ་རྒྱས་པའི་དགའ་སྟོན་སྤེལ་ཕྱིར་མཁན་ཞབས་དྲུང་དུ་སླེབ། ལུགས་གཉིས་ཀྱི་