R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༠༨
[A:༣༠༨]ཉོན་མོངས་རང་གྲོལ་གྱི་འཕྲིན་ལས་དང་བཅས་པའི་མཆོད་པའི་ཇི་སྲིད་གནས་ཀྱི་བར་དུ་ཡོད་པ་དང༌། ངམ་རིངས་ཆོས་སྡེ་ཆེན་པོ། བཟང་ལྡན། ཐུབ་བསྟན་རྣམ་པ་གཉིས་སུ་མང་ཇ། འདྲེན་པ་གོང་བཞུགས་ལ་བསྔོ་བའི་རྟེན་ཡང་དག །གསེར་མདོག་ཅན། དཔལ་ལྡན་ས་སྐྱ། ཁའུ་སྐྱེ་ལྷས་རྣམས་སུ་མང་ཇ། དགེ་འདུན་བཅུ་ཕྲག་རེ་ལ་དར་བཟང་ཁ་གྲུའི་འགྱེད། སྤྲིན་དཀར་གྱི་ཕུང་པོ་ཆེད་དུ་གཏིབས་པ་ལྟ་བུའི་རས་བཟང་གི་འགྱེད། དཔལ་ལྡན་བླ་མའི་ཚོགས་ལ་བརྒྱ་འབུལ་གྱི་བསྔོ་རྟེན། གནས་དེ་དག་གི་རྟེན་རྣམས་ལ་སྙན་དར་དང་བཅས་པ་ལན་ཅིག་མ་ཡིན་པར་ཡང་ཡང་དང༌། གཞན་ཡང་གནས་འདི་ཉིད་སོགས་དགོན་གཞིས་གང་བཟུང་གི་ཆོས་སྡེར་མང་ཇ། བཅུ་ཕྲག་རེ་ལ་དཀར་ཡོལ་གྱི་འགྱེད། གསུམ་གསུམ་ལ་དར་བཟང་གི་འགྱེད། དེ་སོགས་གོས་ལག །རས་ཀྱི་ཚོགས། ཟངས། ལྕགས། ཐབ་གདན་སྤྱད་ཀྱི་འགྱེད་པ། རྗེ་བླ་མའི་དུས་སམ། སངས་རྒྱས་ཀྱི་དུས་སམ། ཉི་ཟླ་གཟས་བཟུང་ངམ། ཉི་མ་ལོག་པའི་ལོ་འགོའི་དུས་དང་བསྟུན་མང་ཇ་དངོས་པོ་བྲབ་བྲབ་ཀྱི་འགྱེད་པ། ཁྲོ་ཟངས་སོགས་ལུགས་སུ་འགྱུར་བ་རྣམས་གཤིན་པོ་ཀུན་གྱི་དོན་དུ་དགེ་འདུན་གྱི་ཚོགས་ཁྲོ་དང་ཀོང་བུ་སོགས་མཆོད་རྫས་དཔག་མེད་བཞེངས་པ་དང༌། གཙུག་ལག་འདི་སོགས་སུ་མར་མེའི་འཕྲེང་བ་ཁོ་ར་ཁོར་ཡུག་ཏུ་ཆུ་བོའི་རྒྱུན་བཞིན་དུ་བཙུགས་པ་དང༌། ལྷ་སྡེ་མི་སྡེ་ཀུན་གྱི་མགོ་རེར་འབྲུའི་འགྱེད་དང༌། དབུལ་པོའི་བུ་ཕལ་ཆེ་བའི་མ་འདྲེས་པའི་མཛའ་བཤེས་བྱས་ཟས་གང་འཕྲོད་ཀྱིས་རེ་བ་བསྐང་བ་དང༌། ཆོས་སྙིང་ནས་དྲན་པའི་ལྟོ་གོས་ཀྱིས་ཕོངས་པ་ཀུན་ལ་བློའི་རེ་བ་ཕུལ་དུ་ཕྱིན་པ་སོགས་མདོར་ན་སྦྱིན་པ་རྣམ་པ་