[A:༣༡༧]འདྲ་བྱས་ན་ཚེ་མཇུག་བསྟན་པ་ལ་ཕན་པ་དག་ཀྱང་སྲིད་དེ། བསྟན་པ་འཛིན་པ་ལས་བུད་མེད་ཀྱི་སེམས་འཛིན་པ་དགའ་གསུང༌། ཐུགས་ཀྱི་ཁྲེལ་བ་དཔག་མེད་གནང་བྱུང་བས་ང་འདྲ་བ་ལ་འདི་འདྲའི་ཐུགས་ཀྱི་རེ་བ་སྙམ་སེམས་ལ་སྡུག་བསྔལ་བཟོད་གླགས་མེད་པ་བྱུང༌། དེ་ལྟར་ན་སྒྲུབ་པ་བྱེད་ལགས་པས་སྙན་བརྒྱུད་ཀྱི་ཆོས་མ་ཐོབ་པ་འདི་ཚོ་གནང་དགོས་ཞུས་པས། དེ་ག་བྱེད་དེ་ཕྱིས་གདའ་གསུང༌། དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་བྱེད་གསུང༌། ཇ་ནག་རྩེ་ནས་རང་རེ་ཀུན་ལ་སྐོལ། ངའི་རྩར་ཁྱེད་རང་ཚང་མ་ཤོག་གསུང༌། བཞེས་སྤྲོའི་རྣམ་གྲངས་དུ་མ་གནང་བ་ལ། བདག་གིས་ད་ལམ་ལོ་གསར་གྱི་ས་འདུལ་བྱས་རྟིང་མ་ལོ་གསར་ཆེན་མོ་མཛད་དགོས་ཞུས་པས། དེ་ག་བྱེད་ཁྱེད་ཚོ་ཟོ་ཨ་གསུང༌། ཚེས་བཅུ་ལ་སྤྱན་རས་གཟིགས་ཀྱི་སྒྲུབ་མཆོད་འདིའང་བྱེད་དགོས་པ་འདུག་པས་དེ་ལུགས་ཤོམས་ཤིག་དེས་སྒྲུབ་མཆོད་འདིའི་མཇུག་བྱེད་དོ་གསུང་བ་དང༌། དེ་ནས་བཙུན་པ་བྱེད་མི་ཞིག་ཀྱང་བྱུང་བས་ད་ལྟ་ཤོག་གསུང་ཁྱོད་ཀྱི་མིང་ལ་ཅི་ཟེར་ཕ་མ་ཡོད་དམ་གསུང་མིང་མགོན་པོ་རྣམ་རྒྱལ་ཟེར་ཕ་མ་མི་བདོག་ལགས་ཟེར་བས། དེ་ག་ཡིན་འོ་ཅག་འདྲ་བ་འདུག་པ་ཁྱོད་འཇིག་རྟེན་ལ་སྐྱོ་བ་སྐྱེས་ནས་བཙུན་པ་བྱས། ང་འཁོར་བས་སུན་ཀྱང་ད་དུང་ཞེན་པ་ཆེས་འདུག །ད་ངའི་རྩར་བཙུན་པ་བྱེད་པའི་གཞུག་མ་ཁྱོད་ཀྱིས་བགྱིས་གསུང་པས། དེ་རིང་བཀའ་ལུང་གང་མན་རྐྱང་པའི་མི་གསུང་བ་ཞུ་ལགས་ཕུལ་བས། ཨ་ཕོ་ཁྱེད་ཚོ་རྟག་ཏུ་སྡོད་པའི་འདུ་ཤེས་འདི་ག་ང་ལ་མི་འདུག །སྐྱེས་ཟིན་པ་ནས་འཆི་བའི་བྱ་གཏོང་