[A:༣༡༨]པའི་སྐད་དྲག་པོ་འདི་སྙིང་ལ་ལྕགས་གཟེར་བཏབ་པ་ཙམ་འདུག །ཁྱོད་ཚོ་ལ་འདི་འདྲའི་ཚུལ་བསམས་མི་དགོས་པ་རེ་དགའ་གསུང་བ་དང་ད་ལོ་དགོན་པ་འདི་ཚོའི་འཁྲི་བ་འདི་ཡང་བཅད་སྙམ་ཀྱང༌། རྩིས་མི་སྤྲོད་པར་གཏན་དུ་འཛིན་སྙམ་པའི་ཧམ་ཅན་འདྲ་འདུག་ཀྱང་འཛིན་རྒྱུ་མ་བྱུང་ན་ངོ་ཚ་ཡོ་གསུང་བ་སོགས་ཐུགས་འབྱུང་བའི་བཀའ་ཡང་ཡང་ཕེབས་པ་ཞིག་འདུག་ཀྱང་མི་སྲིད་སྙམ་པ་མ་གཏོགས་གོར་མ་ཆག །གང་ལྟར་ཚེས་བཅུའི་མཆོད་པ་རྒྱས་པར་གནང་སྤྱན་རས་གཟིགས་ཀྱི་བཟླས་པའི་དུས་སུ་བོད་ཡུལ་མུན་པའི་གླིང་འདིར་འཕགས་པ་འདི་ཉིད་ཀྱི་སྨོན་ལམ་གྱི་དབང་གིས་གདུལ་བྱའི་ཞིང་ཡིན་པ་དང་གུ་རུ་ཆོས་དབང་གིས་ཨྱོན་ལ་ཆོས་གསན་པའི་རྣམ་ཐར་མནལ་ལམ་མར། གུ་རུ་དཔལ་དབྱངས་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཁོ་ན་སྣང་བ་ལ། ཇི་ཙུག་ལགས་ཞུས་པས་སྲིན་པོ་སྡིག་ཤས་ཆེ་བས་ཡིན་རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ་རྒྱལ་བ་ཀུན་གྱི་འཕྲིན་ལས་བཏང་བས་ཆོག །ཁྱེད་བོད་རྣམས་ཀྱང་སྡིག་པ་ཆུང་རྒྱུ་མེད་པས་དེ་ལྟར་བྱས་ན་འཐད་གསུང་བ་ལྟར། ངས་སྔར་ཕན་ལ་འཕགས་མཆོག་འདིའི་དཀྱིལ་འཁོར་བསྒྲུབས་ཤིང་མཆོད་པ་དང་འཇུག་ཅིང་དབང་བླང་བ་ཁྲི་ཁྲག་ལྔ་ཁ་རལ་སོང༌། དེ་རྗེས་འཇུག་འདྲས་བྱེད་མི་བྱུང་ན་བོད་སྤྱི་འདི་ལ་ཕན་པ་དང་རང་རང་སྡིག་པས་འཇིགས་པ་མཐའ་དག་ལས་སྐྱོབ་པ་འདུག་ཀྱང་བྱེད་མཁན་མི་འདུག །འདི་ལས་ལྷག་པའི་བ་རྫི་མ་ཞིག་སྒྲུབ་སྙམ་པ་ཚོ་ནམ་མཁའི་མཐའ་འཚོལ་བ་སྣང་ངོ་གསུང༌། དེ་ནས་ཚེས་བཅུ་བཞི་ལ་རྗེ་ངག་དབང་དྲུང་རི་ཁྲོད་ཤིང་མང་གི་གདན་ས་བཀོད་པའི་བཀའ་ལུང་ཕེབས་པས། སྤྱིར་