R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༢༡
[A:༣༢༡]ལར་དེ་ལོ་མཆོད་ཡོན་སྡེབས་ཅིག་ཏུ་སྐུ་དོག་ཆེན་པོ་འདུག་པས། གོང་དུ་ཞབས་དྲུང་མ་ཆེན་སྐུ་ཁམས་ཤིན་ཏུ་ཉོག་པ་ཞིག་བྱུང་བ་ནས། དམ་པ་ཉིད་ལ་ཕེབས་བཞུད་ཀྱི་གདན་འདྲེན་ནན་འབུལ་ཞུས་པས། བདག་ཀྱང་ཁམས་བདེ་མོ་མི་འདུག་སྟེ་ཤི་ན་ཡང་འགྲོ་དགོས། སྡེ་པ་འདི་ཉིད་སྡེ་པ་སྒར་པའི་རྣམ་འཕྲུལ་ཡིན། ང་དེའི་དུས་རྡོ་རིང་རིན་པོ་ཆེའི་གྲ་པ་ཞིག་ཡིན་ངེད་གཉིས་སྨོན་ལམ་གྱི་དབང་གིས་འདིར་འདུས་པ་ཡིན། དེའི་སྐབས་སུ་སྡེ་པ་དེའི་ཕུན་ཚོགས་ལ་གླགས་ལྟ་བའི་རྒྱ་འདྲེ་མ་རུངས་པ་དེ་ལ་རྡོ་རིང་རིན་པོ་ཆེས་སྐྲད་གཟིར་བྱས་པའི་ལན་ཆགས་རྙོག་པར་འདུག །ང་དམ་པ་དེའི་གསུང་རྒྱུན་ལྷད་མ་ཞུགས་པ་འཆད་མཁན་ཡིན་པས་ལན་ཆགས་འཇལ་པར་འགྲོ་གསུང༌། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་བླ་མ་དྲག་པོའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་ཞུགས་ནས་ལྷ་འདྲེ་མི་གསུམ་ཚང་མ་འདར་ཁྲིལ་ལེ་བའི་ངང་ནས་རྩེར་ཕེབས། བྱིན་རླབས་ཀྱི་ཟིལ་མ་བཟོད་པའམ་འདི་ལྟར་དམ་པ་འདི་ཉིད་ལ་འོ་བརྒྱལ་འདི་འདྲའི་དུས་ཁོ་ན་མཛད་དགོས་བདག་གིས་ཞུ་བ་སྙམ་ཡུས་ཀྱི་རྒྱལ་བའམ་སྐྱེངས་པ་ལྟ་བུའི་ཚུལ་གྱིས་ཞབས་དྲུང་ཉིད་སྤྱན་ཆབ་མང་དུ་སིལ་བ་ལ། དེ་ཙུག་མཛད་མི་དགོས་ཐུགས་བདེ་འབོལ་མཛོད་ངས་ཁྱེད་བསམས་ནས་ལུས་སྲོག་ཐེད་དུ་བོར་ནས་ཡོང་བ་ལགས་གསུང༌། དབུ་ལ་ཕྱག་གི་བྱིལ་བྱིལ་གནང༌། ང་ལས་སྐྱིད་པ་མེད་སྙམ་པའི་རྦད་ཁམ་མཛོད་གསུང་ཐུགས་དབྱུང་གཟེངས་བསྟོད་མཛད། ཞབས་ཀྱིས་དབུ་ལ་བསྣུན་བརྒྱུད་པའི་བཀའ་བསྒོའི་མཐར་འདི་སྣང་ཕུན་