[A:༣༢༧]དམ་པ་ཉིད་མི་བཞུགས་པའི་གྲབས་འདུག་པས། སྡེ་པ་ཆེ་ས་ནི་སྙུང༌། གཅིག་ངམ་རིང་ལ་ཕེབས་ན་མི་ཡོང་བ་འདྲ་དགོངས་པ་མཛད་པར་འདུག །མྱུར་དུ་མཇལ་གསུང་བ་ལྟར་ཕེབས་འགྲུལ་ནི་ཤོལ་དགོས་ཤར། སྨན་པ་རྣམས་ལ་འཕྲལ་ལེགས་ཙམ་དུ། ང་ཇི་ལྟར་ཡོང་བ་འདུག་པ་ཙམ་ཕེབས། རྡོ་རྗེའི་སྐུ་ལུས་ལ་འདི་ཡོང་གི་ཚོད་ཐིངས་པའི་གཤིས་སུ་མི་འདུག་ཟེར། ཅུང་ཟད་འཇིགས་པར་སྣང་ངོ༌། །ཕྱི་མོ་ནས་སྡེ་པས་ངམ་རིང་ལ་མ་བྱོན་པ་ཡིན་ནམ་གསུང༌། སྐུ་ཁམས་དུབ་ཏུ་སོང་བ་ནས་འགྲོ་མ་ནུས་བྱུང་ལགས་ཞུས། ཧེ་ཧེ་འམ་བུ་ཤི་དོགས་མེད་གསུང་ཐུགས་གསོ་བ་གནང༌། ཚེས་བཅུའི་སྔ་དྲོ་གཏོར་མ་དང་མཆོད་པ་ཤོམས་ཚེས་བཅུ་རྒྱས་པར་བྱེད་གསུང༌། རྗེ་དཀོན་ཅོག་གྲགས་པ་ལ། ཆོས་རྗེ་མི་འདི་ཚོའི་བྱེད་ཁྱེར་འདི་དང་བདག་ཀྱང་འཆི་བ་ལ་ཐུག་པ་འདི་གར་འདུག །ཁྱེད་རང་སྒྲུབ་པ་སྙིང་པོ་ཉམས་སུ་ལོང༌། འམ་བུ་ལ་མ་འགྲན་པར་འཆི་ཙ་ན་མི་མཚེར་ཙམ་རེ་མཛོད་གསུང་པ་ལ། དམ་པ་ཁྱེད་མ་བཞུགས་ན་བདག་ལྟོས་བཅས་རྣམས་སུ་ལ་རེ་བ་ཞབས་པད་བརྟན་པ་གནང་དགོས་ཞུ་བ་ལ། འཇིག་རྟེན་ནི་དཔོན་ལ་རེ་ལྟོས་འཆོལ། ཆོས་ཕྱོགས་ནིའམ་བུ་བསམས་ལ་ཉམས་ལེན་ལ་འབུངས་མཛོད། སེམས་ཅན་ལ་ཕན་པ་གང་ནུས་མཛོད་གསུང༌། ཐུགས་དམ་གྱི་ཕྱག་ཕྱི་བྱེད་མི་རྣམས་ནི་ཚེས་བཅུའི་མཆོད་པ་ལ་འདི་ལྟ་བུའི་དུས་ཤར་རོ་སྙམ་སྐད་ཀྱི་སང་ཐོན་པར་ངུ་བ་དང༌། དམ་པ་ཉིད་ཀྱི་ཞལ་འཛུམ་ལྟས་པའི་མོད་ལ་མཆི་མའི་རྒྱུན་ནི་ཡུར་ཆུའི་རྒྱུན་ལྟར་འབབ་