R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༣
[A:༡༧༣]པའི་རྒྱལ་མཚན་དཔལ་བཟང་པོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་ཁ་ལོ་པ་མཁས་པ་དང་གྲུབ་པ་རིག་པ་འཛིན་པ་དུ་མའི་ཁྲི་ལ་ཞབས་ཀྱི་པདྨ་ངལ་གསོ་བའི་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། མདོ་སྔགས་རྒྱུད་སྡེ་གསར་རྙིང་གི་བཀའ་སྲོལ་ཆུ་བོའི་རྒྱུན་བཞིན་མི་འཆད་པར་སྒྲོག་པའི་སྔགས་འཆང་ཨྱོན་སྐུ་དངོས་མངའ་རིས་རིགས་འཛིན་ཆེན་པོ། དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་མཁས་བཙུན་གྲུབ་པའི་དཔའ་བོ་བྱང་གླིང་འཇམ་པའི་དབྱངས་རིན་པོ་ཆེ། མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོས་རྒྱུད་ཡོངས་སུ་མཛེས་པ་འཕགས་ནོར་བདུན་གྱིས་ཕྱུག་པའི་དགེ་འདུན་ཉི་མ། བསམས་བཞིན་དུ་སྙིགས་དུས་ཀྱི་འགྲོ་བ་རྣམས་འདུལ་བའི་ཆེད་དུ་བྱོན་པ་ནག་པོ་སྤྱོད་པའི་སྐུའི་སྐྱེ་བ་འཇམ་མགོན་བླ་མ་དམ་པ། རྒྱལ་བ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་གི་གདན་ས་བདུན་པ་བླ་མ་གསུམ་གྱི་ཐུགས་ཀྱི་སྲས་མཆོག་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རིགས་གནས་མཐར་ཕྱིན་འདུལ་འཛིན་ཀུན་གྱི་གཙུག་རྒྱན་པཎ་གྲུབ་གྲགས་པ་ཐོགས་མེད། གྲུབ་པ་ཡོངས་ཀྱི་འཁོར་ལོ་སྒྱུར་བའི་དབང་ཕྱུག་འཇམ་དབྱངས་བསོད་ནམས་དཔལ་འབྱོར། བརྟུལ་ཞུགས་ཀྱི་སྒོ་ནས་ཕྱི་ནང་གི་མི་དང་མི་མིན་ཀུན་ལ་མི་འཇིགས་པའི་སྤོབས་པ་བརྙེས་པའི་དབང་ཕྱུག་དམ་པ་ངོར་ཆེན་དཀོན་མཆོག་དཔལ་ལྡན། དྲི་མེད་འཁོན་གྱི་རིགས་སུ་སྐུ་འཁྲུངས་ནས་སྙིགས་དུས་ཀྱི་དམུ་རྒོད་མ་རུངས་པའི་འགྲོ་མགོན་བདག་ཆེན་བསོད་ནམས་རྒྱལ་མཚན། གཞལ་དུ་མེད་པའི་ཡོན་ཏན་རིན་པོ་ཆེའི་ཕུང་པོ་ལ་དབང་འབྱོར་བའི་མཁས་བཙུན་