R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༢
[A:༡༧༢]འཛོམས་པ་གྲགས་པ་ཐོགས་མེད་ཀྱི། །དྲིན་ལས་མ་ནོར་སྐུ་བཞིའི་རྒྱལ་སྲིད་ཆེ། །བདག་ཉིད་བསོད་ནམས་བགོ་སྐལ་ལྡན་པས་ཐོབ། །འདུལ་འཛིན་དམ་པ་དགེ་འདུན་ཉི་མ་ཡི། །ཞབས་པད་དྲི་མེད་དགེ་སློང་སྡོམ་པ་ལ། །ཉིས་བརྒྱ་ལྔ་བཅུའི་སྤང་བྱ་དེ་བོར་བ། །དྲི་མ་ཀུན་དང་བྲལ་བའི་ལམ་གཞི་ཡིན། །གཉིས་པ་རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་གི་ལས་ལ་ཉན་བཤད་སྒོམ་སྒྲུབ་བྱས་ཚུལ་ལ་བརྒྱད་དེ། ཡོངས་འཛིན་དམ་པ་བཅུ་ཕྲག་གསུམ་དང་ཟུང་གཉིས་བསྟེན་ཚུལ། ཕུང་ཁམས་སྐྱེ་མཆེད་མ་སྨིན་པ་སྨིན་པར་བྱེད་པའི་ཡི་དམ་ཆོས་སྐྱོང་མཁའ་འགྲོ་ནོར་ལྷ་དང་བཅས་པའི་དབང་ལུང་རྗེས་གནང་གི་ཆུ་བོ་ནོས་ཚུལ། བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་གཞི་ལམ་འབྲས་གསུམ་གཏན་ལ་འབེབས་པའི་འཁྲིད་ཚུལ་རྒྱ་མཚོ་ལྟར་ནོས་ནས་བསྙེན་སྒྲུབ་ལས། མཐའ་སྦྱིན་སྲེག་གིས་བསྐང་སྟེ་ལྷག་པའི་ལྷ་མཆོག་དུ་མའི་བསྙེན་སྒྲུབ་ལས་གསུམ་གྱི་མཚན་མ་མངོན་དུ་གྱུར་པའི་གྲུབ་པའི་མཚན་མ་ཤར་ཚུལ། འགྲོ་བ་ལྷ་མིར་བཅས་པའི་ཕྱག་དང་མཆོད་པ་སྨོན་ལམ་གྱི་རྟེན་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ། མགོན་མེད་སྲིད་མཚོར་འཁྱམས་པའི་ཉམ་ཐག་གི་འགྲོ་བ་མཐའ་དག་གི་དོན་རྩེ་གཅིག་ཏུ་བྱས་ཚུལ། བརྐམ་ཆགས་ཅན་གྱི་རྟག་འཛིན་མཐའ་དག་བཟློག་པ་དང་ཚེ་སྒྲུབ་ཀྱི་མཆོག་གྱུར་སྦྱིན་པའི་ཕར་ཕྱིན་བསྐྱངས་ཚུལ། བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་སྲིད་མཐའི་བར་དུ་རྒྱས་པར་མཛད་པའི་བཤེས་གཉེན་གྱི་ཚོགས་བསྐྲུན་ཚུལ་ལོ། །དང་པོ་ནི། རྩོད་དུས་ཀྱི་རྒྱལ་བ་གཉིས་པ་གངས་ཅན་ལྗོངས་སུ་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་མདོ་རྒྱུད་མ་ལུས་པའི་མངའ་བདག་མཁྱེན་བརྩེའི་དབང་ཕྱུག་བསྟན་