R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༦
[A:༡༧༦]མེད་ཆོས་དབྱིངས་སུ་གཟིམས། རྒྱལ་བའི་ཞིང་ཁམས་སུ་ཆོས་ཀྱི་ཉི་མ་མེད་པས་གདུལ་བྱའི་ཚོགས་མུན་རུམ་དུ་གྱུར་ཏོ། །འོན་ཀྱང་ཡེ་ཤེས་ཀྱི་ཟེར་ལ་རྒྱུན་འཆད་མེད་པས་གསོལ་བ་འདེབས་པ་དགའ་བ་སྙམ། ལག་ཡོད་ཀྱི་རབ་བྱུང་ཆས་ནས་བཟུང་བདོག་བཅས་ཀྱི་དངོས་པོ་ཐམས་ཅད་དུས་གཅིག་ཏུ་སྤུངས་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་བྱས་ཏེ། དགེ་འདུན་ཚོགས་པ་ལ་ཕུལ་མང་ཇ་དང༌། རྣ་དཀར་དུ་གདུང་མཆོད་པ་རྣམས་ལ་ཇ་སྦྲེལ་སོགས་གང་བསྟབ་ཀྱི་གསོལ་བ་བཏབ། དེ་ནས་དམ་པ་ཉིད་མ་བཞུགས་པ་དང་གང་ལའང་སྙིང་པོ་མི་འདུག་པ་ནས་སྒྲུབ་པ་སྙིང་པོར་བྱེད་སྙམ་མྱུག་ལ་ལོག །དེ་ལོ་ཞབས་དྲུང་མཁྱེན་བརྩེའི་དྲུང་དཔལ་ཞ་ལུ་གསེར་བཀང་གི་གདན་སར་ཕེབས། དེ་ནས་ཡབ་སྲས་ལྷན་ཅིག་ཏུ་མྱུག་ལ་ཕེབས་པའི་བསུ་བ་སེར་སྦྲེངས་དཔག་ཏུ་མེད་པས་སྤྱན་དྲངས་པའི་ཕྱག་ཕྱིར་ཕྱིན། དེ་སྔ་ཡན་དུ་ཐོས་པའི་དབང་ལུང་རྗེས་གནང་སོགས་ཀྱང་སོ་སོར་ཐོབ་སྐབས་དང་བསྟུན་ནས་བཀོད་ན་མངས་པས་འཇིགས་ནས་འདིར་ཕྱོགས་གཅིག་ཏུ་བརྗོད་པ་ལ། དེ་ལོ་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་དུ། ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་གསུང་ངག་རིན་པོ་ཆེ་འཛུགས་པ་གནང༌། ཞབས་དྲུང་མཁྱེན་བརྩེའི་དབང་ཕྱུག་གིས་དབུ་མཛད་བདག་ལྟ་བུས་ཐ་ཤལ་བྱས་པའི་སྐལ་བ་བཟང་པོའི་མཆེད་པོ་བཅོ་བརྒྱད་ཀྱིས་ཟླ་བ་བདུན་གྱི་བར་ལ་གནད་དུ་དྲིལ་ནས་ཞུས་པའི་ཐོག་མར། སྣང་བ་གསུམ་གྱི་འཁྲིད། དེ་གྲོལ་མ་ཐག་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ། བརྒྱུད་པ་གཉིས་ལྡན་གྱི་ཕྱག་ལེན་ཅིག་ཏུ་བྱས་པ། དེ་རྗེས་སློབ་མ་རྗེས་འཛིན། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དུས་