R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༨༠
[A:༡༨༠]འགྲེལ་པ་དྲི་མེད་འོད་སོགས་དང༌། རྒྱུད་དེ་ཉིད་ཀྱི་འགྲེལ་པའམ་ཊཱི་ཀ་དཔལ་ལྡན་བླ་མས་མཛད་པའི་གླེགས་བམ་བཞི། སེམས་འགྲེལ་སྐོར་གསུམ་སོགས་རྒྱ་བོད་ཀྱི་གསུང་རབ་མང་པོའི་ལུང༌། གཤིན་རྗེ་གཤེད་ཀྱི་སྐོར་ལ་དགྲ་གདོང་འཇིགས་གསུམ་ལ་བཅུ་གསུམ་རེ་རེའི་རྡུལ་ཚོན་ལ་བརྟེན་པའི་དབང་བཞི་ཟབ་མོ་རེ་དང༌། འཇིགས་བྱེད་རོ་ལངས་བརྒྱད་ཀྱིས་བསྐོར་བ། དཔའ་བོ་གཅིག་པ་ཕྱག་མཚན་གྱིས་བསྐོར་བ་དང༌། ཞང་སྐྱོ་གཉིས་ཀྱི་ལྷ་བཅུ་བདུན་མ་དང༌། འཇམ་དཔལ་ཞི་ཁྲོ་ཞེ་དགུ་མའི་རྡུལ་ཚོན་ལ་བརྟེན་པའི་དབང་བཞི་དང༌། གཤེད་དམར་ལྷ་བཅུ་གསུམ་མ། ལྔ་མ། དགུ་མ་དང་བཅས་པའི་དབང་དང༌། དེ་རྣམས་ཀྱི་རྒྱུད་རྒྱ་གཞུང་བསྟན་བཅོས་རྒྱ་བོད་ཀྱི་ཡི་གེ་མཐའ་ཡས་པའི་ལུང༌། རྒྱུད་རྒྱལ་རྟོག་པ་བདུན་པའི་འགྲེལ་པ་ཟབ་མོ་བཞི་ཙམ་དང༌། འབྲི་གུང་དཔལ་འཛིན་གྱི་གསུང་རབ་པོད་ཁ་ཡོངས་རྫོགས་ཤིག་དང༌། གཞན་ཡང་ཤིན་ཏུ་སྤྲོས་པ་མེད་པའི་འོད་གསལ་འཆར་བའི་བྱིན་རླབས། བདུད་རྩི་བྱིན་རླབས། གཤིན་རྗེ་མཐར་བྱེད་དམར་པོ་རྣལ་འབྱོར་བཞིའི་བྱིན་རླབས། བདུད་རྩི་ལྷ་མོ་འོད་འཛིན་མ་དཀར་མོའི་བྱིན་རླབས། འཁྲུལ་འཁོར་གྱི་བྱིན་རླབས། ཕྱི་རྫས་ཀྱི་བྱིན་རླབས། བཟློག་པའི་བྱིན་རླབས། རྣམ་རྟོག་འོད་གསལ་འཆར་བའི་བྱིན་རླབས་དང་གཤིན་རྗེ་དམར་པོའི་བྱིན་རླབས་སོགས་རྒྱ་བོད་ཀྱི་ཡི་གེ་ལྷག་ཆད་མེད་པའི་ལུང༌། དཔལ་སཾ་བུ་ཊའི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དབང་དམར་ཆོས་རྒྱལ་གྱིས་མཛད་པའི་སྒྲུབ་དཀྱིལ་གྱི་སྟེང་ནས་རྡུལ་ཚོན་ལ་བརྟེན་པའི་དབང་དང༌། དཔལ་ཕྱག་ན་རྡོ་རྗེ་ལྷ་དགུའི་དབང་རྡུལ་ཚོན་ལ་