[A:༡༨༢]ཕུར་པའི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། དེ་དག་གི་སྒྲུབ་ཐབས་ལ་ཚོགས་སོགས་ཡི་གེ་ཐོར་བུའི་ལུང༌། རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ་དང༌། རྡོ་རྗེ་རྣམ་པར་འཇོམས་པ་གྲུབ་ཆེན་མ་ཎི་བཛྲ་གྱི་ལུགས་ལྷ་བཅུ་དགུའི་དབང༌། རྗེ་བཙུན་འོད་ཟེར་ཅན་མ་ལྷ་ལྔའི་དབང༌། ཚེ་དཔག་མེད་ལྷ་དགུའི་དབང༌། རྗེ་བཙུན་མི་འཁྲུགས་པ་ལྷ་དགུའི་དབང་རྣམས་རས་བྲིས་ལ་བརྟེན་པ་དང༌། ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་བཀྲལ་བའི་ཕྱག་རྡོར་གཏུམ་ཆེན་ལྷ་ཉི་ཤུ་རྩ་གཅིག་གི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། བཅོམ་ལྡན་འདས་མ་སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དབང་ལོ་ཆེན་རིན་ཅེན་རྣམ་རྒྱལ་བའི་སྒྲུབ་དཀྱིལ་གྱི་སྟེང་ནས་རྡུལ་ཚོན་ལ་བརྟེན་པ་དང༌། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང༌། རས་ཆུང་པ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་སྟོང་གི་དབང༌། ལྷ་སོ་བདུན་མའི་དབང༌། ལྷ་བཅུ་གསུམ་མའི་དབང༌། ལྷ་གཅིག་བུམ་གཅིག་ཚེ་ཟན་ཚེ་ཆང་ལ་བརྟེན་པའི་དབང༌། ལྷ་གཅིག་ཚེ་རིལ་རིགས་ལྔ་ལ་བརྟེན་པ་དཀྱིལ་འཁོར་སྒོ་གཅིག་དང་བཅས་པའི་དབང༌། མ་ཧཱ་མཱ་ཡཱ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་གསུངས་པའི་ཁྲོ་བོའི་རྒྱལ་པོ་རེག་ཚིག་ལྷ་བཅུ་གསུམ་གྱི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། མཆོག་གི་སྒྲོལ་མ་རལ་གཅིག་མ་ནག་མོའི་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་དབང་བཞི་དང༌། རྗེ་བཙུན་སྒྲོལ་མ་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་དང༌། རྡོ་རྗེ་སྒྲོལ་མ་ལྷ་ཉི་ཤུ་རྩ་ལྔའི་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་དབང་དང༌། དེ་དག་གི་ཉེ་བར་མཁོ་བའི་སྒྲུབ་ཐབས་ལས་ཚོགས་རྒྱ་གཞུང་བསྟན་བཅོས་སོགས་ཡི་གེ་མང་པོའི་ལུང༌། གཞན་ཡང་རང་ལོ་