R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༨༣
[A:༡༨༣]སུམ་ཅུ་རྩ་བདུན་པའི་དུས་ཆོས་ཀུན་རྨི་ལམ་སྒྱུ་མར་སྟོན་པའི་ཟབ་ཆོས་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་བཅུད། ཚེ་གཅིག་ལ་འཚང་རྒྱ་བའི་ཉེ་ལམ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་ཤིང༌། དངོས་གྲུབ་ཀྱི་གཟི་འོད་མ་ཡལ་བ་ཤངས་པ་བཀའ་བརྒྱུད་དུ་གྲགས་པའི་ཐུགས་བཅུད་ཐོབ་པ་ལ། སྨིན་བྱེད་གཙོ་བསྡུས་བདེ་མཆོག་གཙོ་བོར་གྱུར་པའི་རྒྱུད་སྡེ་ལྔའི་དབང༌། བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་ལ་སྒྲིགས་པའི་དབང་རེ་དང༌། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་སྒྱུ་ལུས་དབང་མོ་ཆེས་གཙོས་པའི་དབང་སུམ་ཅུ་རྩ་གཉིས་ཚིག་དོན་ལག་ལེན་དང་བཅས་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་རྒྱ་གཞུང་ལུགས་དང༌། ནག་པོ་ཆེན་པོ་གྲི་གུག་ལྷ་ལྔ་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ལུགས། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་དང༌། ནག་པོ་ཆེན་པོ་ཞང་ལུགས་ལྷ་བཅུ་བདུན་གྱི་དབང་མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་གྲགས་ཀྱི་ཁྱད་ཆོས་སྔོན་བྱུང་རྣམ་གསུམ་ལས། དཔལ་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། །ལེའུ་ལྔ་བཅུ་རྩ་གཉིས་པར་གསུངས་པའི་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་ཕྱག་བཅུ་དྲུག་པ་ཡུམ་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ནག་པོ་ཆེན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ལྷ་མོ་བཞིས་བསྐོར་བ། ཞལ་གསུམ་ཕྱག་བརྒྱད་པ་ལྷ་མོ་བཞིས་བསྐོར་བ། ནག་པོ་ཆེན་པོ་དགའ་བྱེད་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིས་བསྐོར་བ། ནག་པོ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་གྲུབ་པ་ཐོབ་པའི་རྣལ་འབྱོར་གཉིས་ཀྱིས་བསྐོར་བ། ཞལ་གཅིག་ཕྱག་གཉིས་པ་ལྷ་མོ་