[A:༡༨༥] ཀུ་རུ་ཀུལླེའི་རྟོགས་པ་ལས་གསུངས་པའི་རྗེ་བཙུན་རིགས་བྱེད་མ་དཔའ་མོ་གཅིག་པའི་རྗེས་གནང་ཐུན་མོང་དང་ཐུན་མོང་མིན་པ། ཁམས་གསུམ་དབང་སྡུད་དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་བཅུ་གཉིས་པའི་ཐུན་མོང་གི་རྗེས་གནང༌། ཐུན་མོང་མ་ཡིན་པའི་རྗེས་གནང༌། ཁྱད་པར་གྱི་རྗེས་གནང་ཟབ་མོ། །ཞར་བྱུང་ཇོ་བོ་རྗེའི་གདམས་པ་ཚོགས་བདག་དཀར་པོ་ཕྱག་བཞི་པའི་རྗེས་གནང༌། ཚོགས་བདག་ཆགས་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ལྷ་བཞིའི་རྗེས་གནང༌། ཀག་ཆོལ་འདོད་པའི་རྒྱལ་པོའི་རྗེས་གནང་ཐུན་མོང་དང་ཐུན་མོང་མིན་པ། གཉན་ལོ་ཆེན་པོའི་དབང་གི་ལྷ་དམར་ཆུང་མ་སྐོར་གསུམ་ལ་དཔལ་མོ་སྙིང་གི་གསེར་ཐག་ཅན་གྱི་རྗེས་གནང༌། དབང་གི་ལྷ་མོ་ཏི་ནུ་མའི་རྗེས་གནང༌། ནོར་རྒྱུན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མའི་རྗེས་གནང་དང༌། དེ་དག་གི་ལས་ཚོགས་ཀྱི་དཀར་ཆག་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནང་ལྟར་ཡིག་ཆུང་ཞལ་ཤེས་དང་བཅས་པའི་ལུང༌། རྗེ་བཙུན་ས་སྐྱ་པའི་བཀའ་སྲུང་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང༌། བཀའ་སྲུང་དབང་པོ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང༌། དུར་ཁྲོད་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་ལེའུ་བརྒྱད་པ། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་ལས་བརྒྱུད་པ་འཛིམ་ལོ་ཙཱ་བའི་འགྱུར་བ་སོགས་རྒྱ་བོད་ཀྱི་ཡིག་སྣ་བཅུ་དྲུག་གི་ལུང༌། དཀར་མོའི་ཉི་ཟླའི་བསྙེན་པའི་ཡི་གེ་སོགས་ཡི་གེ་ལྔ་དང༌། བདུད་རྒྱལ་གྱི་རྒྱུད་ལེའུ་བདུན་པ་སོགས་ཡི་གེ་སྣ་བཅུ་གཉིས་ཀྱི་ལུང༌། ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་དང་རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་ཐུན་མོང་མ་ཡིན་པའི་དབང་དང༌། གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་ཀུ་རུ་ཀུལླེ་ལྷ་ལྔ་སིནྡྷུ་ར་